༉ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ འབྲུག་ཚོང་འབྲེལ་ལས་འཛིན་ནང་ལུ་ གཡོ་ཟོལ་གྱི་བྱ་བ་དང་ དབང་ཚད་ལོག་སྤྱོད་ཚུ་འབད་དེ་ཡོདཔ་སྦེ་ སྙན་ཞུ་འབད་ནུག
ལོ་བསྟར་རྩིས་ཞིབ་སྙན་ཞུ་༢༠༢༠དང་༢༠༢༡ ཅན་མ་དང་འཁྲིལཝ་ད་ འདི་ལས་བརྟེན་ འབྲུག་ཚོང་འབྲེལ་ལས་འཛིན་ལུ་ དངུལ་ཀྲམ་ས་ཡ་༡༢༡དེ་ཅིག་ རྒུད་ཕོགས་ཏེ་འདུག་ཟེར་ཨིན་མས།
འབྲུག་ཚོང་འབྲེལ་ལས་འཛིན་གྱིས་ བུ་ལོན་འཛིན་སྐྱོང་གི་ལག་དེབ་ལས་འགལ་ཏེ་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ལས་ གནང་བ་མེད་པར་ དངུལ་ཀྲམ་ས་ཡ་བརྒྱ་ལྷགཔ་ཅིག་གནས་པའི་ སྣུམ་འཁོར་ཚུ་ བུ་ལོན་གུ་སྦེ་ བཙོང་ནུག་ཟེར་ཨིན་མས།
པདྨ་གསལ་སྒྲོན་ཚེ་རིང་། གནས་ཚུལ་བསྡུ་ལེན་པ། ཐིམ་ཕུག