གསེར་སྐང་ཆུ་གི་ལོ་རྒྱུས་དང་ མི་ཚུ་གི་ཡིད་ཆེས།

༉ བཀྲིས་གཡང་རྩེ་ལུ་ཡོད་པའི་ གསེར་སྐང་ཆུ་འདི་ ལ་ལོ་ཅིག་གིས་ ལྷ་ཆུ་ཨིནམ་སྦེ་ ཡིད་ཆེས་སྐྱེད་དོ་ཡོད་རུང་ ཆུ་འདི་ འདྲེ་ཆུ་ཡང་ཨིནམ་སྦེ་ སླབ་སྲོལ་ཡོདཔ་ཨིན་མས།

འདི་ཡང་ གསེར་སྐང་ཆུ་འདི་ ཆརཔ་རྐྱབ་པའི་སྐབས་ ཨ་རྟག་ཧ་ལུགས་སྦེ་རང་ སྡོད་དོ་ཡོད་རུང་ ཉིམ་ཤརཝ་ད་ འཕྲལ་འཕྲལ་རང་ བྲེས་ཏེ་ ཆུ་རུད་འཐོན་དོ་ཡོདཔ་ཨིན་མས།

གསེར་སྐང་ཆུ་འདི་ བཀྲིས་གཡང་རྩེའི་ཁྲོམ་གྱི་ སྦོ་ལོགས་ཁ་ལས་མར་ འགྱོ་དོ་ཡོདཔ་ད་ ཆུ་འདི་ ཆུང་ཀུ་ཅིག་སྦེ་ཡོད་རུང་ འཕྲལ་འཕྲལ་རང་ བྲེས་དོ་ཡོདཔ་ཨིན་མས།

སྤྱིར་བཏང་གི་ མཚོ་དང་ཆུ་ཚུ་ ཆརཔ་རྐྱབ་པའི་སྐབས་ བྲེས་དོ་ཡོད་རུང་ མི་ཚུ་གིས་སླབ་མི་ནང་ གསེར་སྐང་ཆུ་འདི་ ཆརཔ་རྐྱབ་ད་ ཨ་རྟག་ཧ་ལུགས་སྦེ་སྡོད་དེ་ ཉིམ་ཤརཝ་ད་ བྲེས་དོ་ཡོདཔ་སྦེ་བཤད་ཅི།

དུས་ཅི་ སྤྱི་ཟླ་༨པའི་ནང་ ཆུ་རུད་འཐོན་ཏེ་ ཆུ་འདི་གིས་ བུཚུ་༣འཕྱག་འབག་ནུག

འདི་དང་གཅིག་ཁར་ རྫོང་ཁག་བདག་སྐྱོང་གིས་ ཆུ་འདི་གི་མཐའམ་བདའ་སྟེ་ ཆུ་རུད་ལས་བརྟེན་པའི་ གནོད་ཉེན་མར་ཕབ་ཀྱི་དོན་ལུ་ ཆུ་བྱག་ཁ་སྐོང་རྐྱབ་ནི་གི་འཆར་གཞི་འདུག

བཀྲ་ཤིས་གཡང་རྩེའི་རྫོང་རབ་ བླམ་རྡོ་རྗེ་གིས་སླབ་མི་ནང་ རྫོང་ཁག་བདག་སྐྱོང་གིས་ ཆུ་འདི་གི་མཐའམ་བདའ་སྟེ་ བརྡ་སྐད་འཕྲུལ་ཆས་ཚུ་བཙུགས་ནི་གི་དོན་ལས་ མཁས་པ་ཚུ་དང་གཅིག་ཁར་འཕྱད་ནི་གི་ འཆར་གཞི་ཡོདཔ་སྦེ་ཨིན་མས།

ཨིན་རུང་ ཆུ་འདི་ནང་ལས་ ཆུ་རུད་ ཧང་སྟོང་མར་འཐོན་མི་འདི་ ག་ཅི་ལས་བརྟེན་ཏེ་ཨིན་ན་ བརྟག་ཞིབ་འབད་ནི་གི་ འཆར་གཞི་ཚུ་མེདཔ་ཨིན་མས།

ཚེ་རིང་དོན་གྲུབ། གནས་ཚུལ་བསྡུ་ལེན་པ། བཀྲིས་གཡང་རྩེ།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར་ཕཀོད་ས།

Please enter your comment!
Please enter your name here

བསམ་འཆར།

Facebook
Twitter
YouTube