༉ གཞུང་གིས་ རྒྱལ་ཁབ་ནང་ལུ་ སྒྲ་དབྱངས་ཚུ་སྒོ་བསྡམ་ནི་སྦེ་ ཐག་བཅད་མི་འདི་གིས་ སྒྲ་དབྱངས་གི་ཇོ་བདག་དང་ ལཱ་འབད་མི་ཆ་ཁྱབ་ ག་ཅི་འབདན་ན་ཡང་མ་ཤེས་པའི་ གནས་སྟངས་ཅིག་ལུ་ཐུག་སྟེ་འདུག
མ་གཞི་ ཁོང་ཆ་ཁྱབ་ཀྱིས་ སྒྲ་དབྱངས་ཀྱི་ལམ་ལུགས་ནང་ལུ་ བསྒྱུར་བཅོས་སྦོམ་སྦེ་རང་འགྱོ་དོ་འོང་ཟེར་ རེ་བ་བསྐྱེད་དེ་ཡོདཔ་མ་གཏོགས་ དེ་སྦེ་ ཐག་བཅད་དོ་འོང་ཟེར་ མནོ་བསམ་ར་མ་བཏང་པས།
བློན་ཆེན་གྱིས་ གཟའ་སྤེནམ་ལུ་ སྒྲ་དབྱངས་ཚུ་ འདི་འཕྲོ་ལས་རང་ སྒོ་བསྡམ་དགོ་པའི་ བཀོད་ཁྱབ་བཀའ་རྒྱ་གནང་སྟེ་ཡོདཔ་ཨིན།