༉ རྒྱལ་ཁབ་ནང་ལུ་ ད་རིས་ ནུབ་ཕྱེད་ལས་ ས་སྣུམ་གྱི་གོང་ཚད་ཚུ་ དངུལ་ཀྲམ་༣ལྷགཔ་ཅིག་གི་རྩིས་ མར་ཕབ་འགྱོ་ནི་ཨིན་མས།
འདི་ཡང་ ཐིམ་ཕུག་ལུ་འབད་བ་ཅིན་ པེ་ཊོལ་ལི་ཀྲར་རེ་ལུ་ གོང་ཚད་དངུལ་ཀྲམ་༧༢དེ་ཅིག་ལུ་ ལྷོད་ནི་ཨིནམ་ད་ དྲི་ཛིལ་ལི་ཀྲར་རེ་ལུ་ དངུལ་ཀྲམ་༦༧གུར་ མར་བབ་འགྱོ་ནི་ཨིན་མས།
འདི་བཟུམ་སྦེ་ རྒྱལ་སྤྱིའི་ནང་ལུ་རང་ ས་སྣུམ་གྱི་གོང་ཚད་ཚུ་ མར་ཕབ་འགྱོ་དོ་ཡོདཔ་ཨིན་མས།