རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ནང་ སྡེ་ཚན་གསུམ་གསར་བཙུགས་འབད་ཡོདཔ།

༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ད་ལས་ཕར་  རྒྱལ་ཁམས་ལུ་ མ་དངུལ་སོར་ཆུད་འབད་དགོཔ་སྦེ་ཡོད་མི་ཚུ་ འཇོན་ཐངས་ཅན་ཅིག་སྦེ་ བསྟར་སྤྱོད་འབད་ཚུགས་ནི་ཨིན་མས།

ཡིག་ཚང་འདི་གིས་ སྡེ་ཚན་གསརཔ་༣ བཙུགས་ཏེ་ཡོདཔ་དང་ འདི་ཚུ་ཡང་ འཁྲུན་ཆོད་བསྟར་སྤྱོད་སྡེ་ཚན་དང་ དངུལ་འབྲེལ་དང་ལས་འབྲེལ་སྡེ་ཚན་ དེ་ལས་ རྒྱལ་སྤྱི་ལས་དོན་དང་མཐའ་འཁོར་སྡེ་ཚན་ཚུ་ཨིན་མས།

འཁྲུན་ཆོད་བསྟར་སྤྱོད་སྡེ་ཚན་འདི་གིས་ མ་དངུལ་ རྒྱལ་ཁབ་ལུ་སོར་ཆུད་འབད་ནི་ ཉམས་རྒུད་པ་ལུ་རྒུད་འཐུས་སྤྲོད་ནི་ སྨྱོ་རྫས་ལོག་སྤྱོད་འབད་མི་ ན་གཞོན་ཚུ་ མི་ཚེ་ཉམས་གསོ་ལྟེ་བ་ནང་ གཏང་དགོཔ་སྦེ་ཡོད་པའི་ འཁྲུན་ཆོད་ཚུ་ བསྟར་སྤྱོད་འབད་ནི་ཨིན་མས།

རྩོད་དཔོན་ཡོངས་ཁྱབ་དང་འཁྲིལ་བ་ཅིན་ མཁོ་སྒྲུབ་དང་འབྲེལ་བའི་ རྩོད་གཞི་ཚུ་ཡང་ ཡར་སེང་འགྱོ་དོ་ཟེར་ཨིན་མས།

འདི་འབདཝ་ལས་ དངུལ་འབྲེལ་དང་ ལས་འབྲེལ་སྡེ་ཚན་འདི་གིས་ མཁོ་སྒྲུབ་ཀྱི་ལམ་ལུགས་དང་ རིག་བསྡུར་གྱི་ཡིག་ཆ་ཚུ་ བསྐྱར་ཞིབ་འབད་ནི་ཨིན་མས།

ད་རུང་ སྡེ་ཚན་འདི་གིས་  གཞུང་ལུ་ ལས་འབྲེལ་དང་ དངུལ་འབྲེལ་དང་འབྲེལ་བའི་ གནད་དོན་གྱི་ཐད་ལུ་ གྲོས་འབུལ་ཕུལ་དགོ་ནི་ཨིན་མས།

དེ་ལས་ རྒྱལ་སྤྱི་ལས་དོན་དང་ མཐའ་འཁོར་སྡེ་ཚན་འདི་གིས་  གཞུང་ལུ་ རྒྱལ་སྤྱི་ཚོང་འབྲེལ་དང་ མ་རྩ་གཞི་བཙུགས་ དེ་ལས་ ཉེས་ལས་ཀྱི་ཁྲིམས་དང་ དོན་གཅོད་མཐུན་འབྲེལ་གྱི་ ཁེ་དབང་དང་ཉེན་འགོག་ཚུ་རྩིས་ཏེ་ གནད་དོན་ཁག་མ་འདྲཝ་ཚུ་གི་ཐོག་ལུ་ གྲོས་འབུལ་དང་ རྒྱབ་སྣོན་ཕུལ་ནི་ཨིན་མས།

བློན་ཆེན་གྱིས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ འགན་ཁུར་དང་འགན་དབང་དང་ ལྷན་ཁག་དང་ཁྲོམ་སྡེ་ དེ་ལས་ ལས་སྡེ་ཚུ་ནང་ལས་ཕར་ཡོད་པའི་ཁྲོམས་རྩོདཔ་ཚུ་གི་ འགན་ཁུར་དང་འགན་དབང་གི་སྐོར་ལས་ ཀི་དེབ་༥ཡང་ གསར་བཏོན་གནང་ཡི།

 

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube