གཟའ་ཟླ་བ། ༢༠༡༩ ཟླ་༡༡ པའི་སྤྱི་ཚེས་༡༧

དྲུང་ཡིག་ཚུ་ལུ་ རྩོད་ཉོགས་ནང་འགྲིགས་ཀྱི་ སྦྱོང་བརྡར་ལས་རིམ།

སྤྱི་ཟླ་༨ པའི་ཚེས་ ༢༠ ༢༠༡༩

༉ རྒྱལ་ཁབ་ནང་འཁོད་ཀྱི་ ཁྲིམས་ཁང་༣༣་གི་ནང་ལས་ དྲུང་ཡིག་༥༠་གིས་ ཐིམ་ཕུག་ལུ་སྦེ་ ཁྲིམས་ཀྱི་འདུན་སར་རྩོད་ཉོགས་ནང་འགྲིགས་ཀྱི་སྦྱོང་བརྡར་ གོ་རིམ་༢་པའི་ནང་ལུ་ གྲལ་ཁར་གཏོགས་པའི་བསྒང་ར་འདུག

སྦྱོང་བརྡར་ལས་རིམ་འགོ་བཙུགས་ཀྱི་རྟེན་འབྲེལ་ནང་ལུ་ མི་དབང་རྒྱལ་པོའི་སྲསམོ་ བསོད་ནམས་བདེ་ཆེན་དབང་ཕྱུག་མཆོག་གིས་ དབུ་བཞུགས་མཛད་ཡི།

ཁྲིམས་ཀྱི་འདུན་སར་རྩོད་ཉོགས་ནང་འགྲིགས་ཟེར་མི་འདི་ཡང་ སྦྱོང་བརྡར་ཐོབ་ཡོད་པའི་ ཁྲིམས་མཐུན་ནང་འགྲིགས་འབད་མི་ཚུ་གིས་ རྩོད་གཞི་ཚུ་ ནང་འགྲིགས་འབད་བཞིན་ན་ ནང་འགྲིགས་འབད་ཡོད་པའི་འགན་རྒྱ་ཚུ་ ཟིན་བྲིས་བཏབ་མི་གི་ བྱ་རིམ་ལུ་གོཝ་ཨིན་མས།

ནང་འགྲིགས་དེ་ལས་བརྟེན་ཏེ་ ཁྲིམས་ཀྱི་འདུན་སར་ རྩོད་གཞི་གི་གྱངས་ཁ་ མར་ཕབ་འབད་ཚུགས་པའི་ རེ་བ་ཡོདཔ་མ་ཚད་ རྩོད་གཞི་ཕྱེ་མ་ཚུགས་པར་ ཡུན་གྱངས་སྦེ་ལུས་མི་གི་གནད་དོན་ཚུ་ཡང་ མར་ཕབ་འབད་ཚུགས་པའི་ རེ་བ་འདུག