གཟའ་ལྷག་པ། ༢༠༡༩ ཟླ་༡༡ པའི་སྤྱི་ཚེས་༡༢

ཕུན་ཚོགས་གླིང་ལུ་ བེཊ་མིཎ་ཊཱན་གྱི་འགྲན་བསྡུར་ཅིག་འགོ་འདྲེན་འཐབ་ས་ལུ་ མི་༤༥ གིས་ གྲལ་ཁར་གཏོགས་ཡོདཔ།

སྤྱི་ཟླ་༦ པའི་ཚེས་ ༡༩ ༢༠༡༩

༉ ཕུན་ཚོགས་གླིང་ལུ་ བེཊ་མིཎ་ཊཱན་གྱི་འགྲན་བསྡུར་ཐེངས་༢པ་འདི་ བདུན་ཕྲག་ངལ་གསོའི་སྐབས་ལུ་ འགོ་འདྲེན་འཐབ་ཡོདཔ་ཨིན་མས།

ལས་རིམ་འདི་ནང་ལུ་ བསམ་རྩེ་དང་ བསམ་གྲུབ་ལྗོང་མཁར་ དེ་ལས་ དགེ་ལེགས་ཕུག་དང་ཐིམ་ཕུག་ འདི་བཟུམ་སྦེ་ དབང་འདུས་ཕོ་བྲང་དང་ ཕུན་ཚོགས་གླིང་ལས་ ངོ་རྐྱང་༤༥་གིས་ གྲངས་སུ་གཏོགས་ཡོདཔ་ད་ ཁོང་ཆ་ཁྱབ་ཀྱིས་ ངོ་རྐྱང་དང་ མི་༢་སྦེ་རྩེད་འགྲན་འབད་མི་གི་ དབྱེ་ཁག་༢་ནང་ དོ་འགྲན་འབད་ནུག

འགྲན་བསྡུར་ནང་ལས་ རྒྱལ་ཁ་འཐོབ་མི་ཚུ་ལུ་ དངུལ་རྐྱང་གི་གསོལ་རས་དང་གཅིག་ཁར་ ལག་ཁྱེར་དང་རྒྱལ་རྟགས་ཚུ་ བྱིན་ཡོདཔ་ད་ ལོ་བསྟར་གྱི་འགྲན་བསྡུར་འདི་ཡང་ ཕུན་ཚོགས་གླིང་ བེཊ་མིཎ་ཊཱན་ཚོགས་པ་གིས་སྦེ་ འགོ་འདྲེན་འཐབ་སྟེ་འདུག