གཟའ་ཉི་མ། ༢༠༡༩ ཟླ་༨ པའི་སྤྱི་ཚེས་༡༧

སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ མཆོད་རྟེན་༢ བཀྲིས་རབ་གནས་མཛད་ཡོདཔ།

སྤྱི་ཟླ་༦ པའི་ཚེས་ ༡༣ ༢༠༡༩

༉ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ད་རིས་ འགྲམ་ཕུག་ཁྲོམ་ཁ་ལུ་ བྱ་རུང་ཁ་ཤོར་གྱི་མཆོད་རྟེན་འདི་ བཀྲིས་རབ་གནས་མཛད་གནང་ཡི།

མཆོད་རྟེན་འདི་ བཞེངས་ནི་གི་དོན་ལས་ རྩི་རང་རྫོང་ཁག་བདག་སྐྱོང་གིས་ ཡུདཔ་ཅིག་ དངུལ་ཀྲམ་ས་ཡ་༥་མ་ལངམ་ཅིག་ ཟད་འགྲོ་བཏང་ཡོདཔ་ད་ མཆོད་རྟེན་འདི་བཞེངས་ཚར་ནི་དོན་ལུ་ ལོ་༢་དེ་ཅིག་གི་རྩིས་འགོར་ནུག

མཆོད་རྟེན་འདི་ཡང་ འགྲོ་བ་རིག་དྲུག་སེམས་ཅན་ག་རའི་ཞི་བདེ་དང་ ལྷག་པར་དུ་ མི་དབང་སྐུ་འཁོར་རྣམས་ཀྱིས་ རྒྱལ་རྐྱེན་བར་ཆད་སེལ་ནི་དང་ སྐུ་ཚེར་རིང་ནི་གི་དོན་ལུ་ བཞེངས་ཡོདཔ་ཨིན་མས།

འདི་བཟུམ་སྦེ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ རྩི་རང་ལུ་ཡོད་པའི་ རྒྱལ་གཞུང་རྩི་ཞིབ་དབང་འཛིན་གྱི་ ཁྱད་རིག་གོང་འཕེལ་ལྟེ་བ་ནང་ལུ་སྦེ་ དྲི་མེད་རྣམ་གཉིས་ཀྱི་མཆོད་རྟེན་གཅིག་ཡང་ བཀྲིས་རབ་གནས་མཛད་གནང་ཡི།