གཟའ་སྤེན་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༠

རྐྱང་ལོར་གྱིས་ དཔལ་འབྱོར་ལུ་ལྷན་ཐབས་ཡོདཔ།

སྤྱི་ཟླ་༡༢ པའི་ཚེས་ ༣༠ ༢༠༡༦

༉ དཔལ་འབྱོར་མཁས་པ་ཚུ་གིས་འབད་བ་ཅིན་ དཔལ་འབྱོར་གྱི་ནང་ལུ་ རྐྱང་་ལོར་ཚུ་ཡོད་མི་འདི་གིས་ ཅ་ནམ་གྱི་གོང་ཚར་ཡར་སེང་འགྱོ་མི་གི་གནས་ཚད་ལུ་ ལྷན་ཐབས་ཡོདཔ་སྦེ་བཤད་ཅི།

ད་རུང་ ཁོང་གིས་འབད་བ་ཅིན་ རྐྱང་ལོར་ཚུ་མེད་པ་ཅིན་ ཚོང་ཁང་ཚུ་ནང་ལས་ཕར་ ཅ་ལ་གི་གོང་ཚད་འདི་ འགོ་བཙུགསཔ་ཅིག་རང་ མཐོ་དྲག་སྦེ་བཀལ་ནི་འགོ་བཙུགས་འོང་ཟེར་ཨིན་མས།

མི་ཚུ་གིས་སླབ་མི་ནང་ ཉོཔ་ཚོང་རྐྱབ་དགོ་པ་ཅིན་ དངུལ་ལོར་སྦོམ་ཚུ་གི་མ་གཏོགས་ རྐྱང་ལོར་ཚུ་གིས་ ག་ནི་ཡང་ ཉོ་མི་ཚུགས་པས་ཟེར་བཤད་ཅི།

ཨིན་རུང་ སྤྱི་ལོ་༢༠༡༢་ལུ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ ཚོང་ཆས་ཀྱི་གོང་ཚད་ཚུ་ དམའ་སུ་ཅིག་འབད་བཞག་ཐབས་ལུ་ རྐྱང་ལོར་ས་ཡ་༢༡་ལྷགཔ་ཅིག་ བཀྲམ་ནུག

མི་ཚུ་གིས་ རྐྱང་ལོར་ལུ་ བརྩི་མཐོང་དེ་ཅིག་རང་མེད་རུང་ ཐིམ་ཕུག་རྒྱལ་འཛིན་མཐོ་རིམ་སློབ་གྲྭའི་སློབ་ཕྲུག་གཅིག་གིས་ འབྲུག་མཁལ་རྡོག་གཞི་ཚོགས་དང་མཉམ་འབྲེལ་འབད་དེ་ རྐྱང་ལོར་ཚུ་བསྡུ་ནི་འགོ་བཙུགས་ཏེ་ཡོདཔ་ཨིན།

ཁོ་གིས་ རྐྱང་ལོར་དེ་སྦེ་བསྡུ་ནི་འདི་ཡང་ དུས་ཅི་ སྤྱི་ཟླ་༧་པའི་ནང་ལས་འགོ་བཙུགས་ཡོདཔ་ད་ འདི་ཡང་ མཁལ་རྡོག་གི་ནདཔ་ཚུ་གི་མཐའ་དོན་དང་ མི་དམངས་ལུ་ རྐྱང་ལོར་གྱི་ཐད་ཁར་ ཤེས་ཡོན་ཚུ་སྤྲོད་ཐབས་ལུ་ཨིན་མས།

ཁོ་གིས་ ད་རེས་ རྐྱང་ལོར་དངུལ་ཀྲམ་སྟོང་ཕྲག་༤༠་དེ་ཅིག་བསྡུ་ཚུགས་ཏེ་ཡོདཔ་མ་ཚད་ རྐྱང་ལོར་བསྡུ་མི་ཁས་བླངས་པ་ཡང་༢༠༠་ལྷགཔ་ཅིག་འདུག

རྐྱང་ལོར་དེ་སྦེ་བསྡུ་ནི་གི་ཐབས་ལམ་འདི་གིས་ རྒྱལ་ཁབ་ཀྱི་དཔལ་འབྱོར་དང་ མཁལ་རྡོག་གི་ནདཔ་ལེ་ཤཱ་ཅིག་ལུ་རང་ ཁྱད་པར་བཟོ་ནི་འགོ་བཙུགས་ཏེ་ཡོདཔ་སྦེ་ཨིན་མས།