གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༤

གདུང་བསམ་གྱིབ་ཆས་ཚད་འཛིན་གྱིས་ སྤྱི་ལོ་༢༠༡༥ལོའི་ནང་ ལས་འཛིན་འདི་ལུ་ རྒུད་ཕོག་མི་གི་ཚད་འདི་ མར་ཕབ་འབད་ཚུགས་ཏེ་ཡོདཔ།

སྤྱི་ཟླ་༦ པའི་ཚེས་ ༢༩ ༢༠༡༦

Dungsam Polymers, emerging from the red (1)༉ ཕད་རྩེ་བཟོ་བསྐྲུན་འབད་མི་ གདུང་བསམ་གྱིབ་ཆས་ཚད་འཛིན་གྱིས་ སྤྱི་ལོ་༢༠༡༥ལོའི་ནང་ ལས་འཛིན་འདི་ལུ་ རྒུད་ཕོག་མི་གི་ཚད་འདི་ མར་ཕབ་འབད་ཚུགས་ཏེ་ཡོདཔ་ཨིན་མས།

འདི་ཡང་ སྤྱི་ལོ་༢༠༡༤ལོའི་ནང་ ལས་འཛིན་འདི་ལུ་ དངུལ་ཀྲམ་ས་ཡ་༢༨དེ་ཅིག་ རྒུད་ཕོག་ཡོད་ས་ལས་ ན་ཧིང་ རྒུད་ དངུལ་ཀྲམ་ས་ཡ་༥དེ་ཅིག་ལུ་ མར་ཕབ་འབད་ཚུགས་ནུག

གདུང་བསམ་གྱིབ་ཆས་ཚད་འཛིན་གྱིས་ སྤྱི་ལོ་༢༠༡༢ལས་ ཚོང་ལཱ་འདི་འགོ་བཙུགས་ཏེ་ འདི་གི་ ལོ་གཅིག་གི་ཤུལ་མ་ འགན་ལེན་ཚོང་འགྱུར་གྱི་ནང་ལུ་ ཐོ་བཀོད་འབད་ནུག

ལས་འཛིན་འདི་གིས་ གོ་བཤའ་འདི་ཚུ་ དངུལ་ཀྲམ་༦༥རེ་སྦེ་བཙོང་ཡོདཔ་ཨིན་རུང་ ད་རེས་ཚུན་ཚོད་ཀྱི་བར་ན་ གོ་བཤའ་འཆང་མི་ཚུ་ལུ་ གོ་བཤའི་དངུལ་ ཚར་གཅིག་ཡང་ བྱིན་མ་ཚུགས་པ་ཡོདཔ་ཨིན།

ལས་འཛིན་འདི་གི་ ལས་སྡེ་དྲུང་ཆེན་ ཤེས་རབ་ཆོས་འཕེལ་གྱིས་སླབ་མི་ནང་ ལས་འཛིན་ལུ་ རྒུད་ཕོག་སྟེ་ཡོད་པའི་ གནས་ཚད་འདི་ དེ་སྦེ་ མར་ཕབ་འབད་སོང་མི་འདི་ཡང་ བཀོད་ཚོགས་ཀྱི་ཚོགས་བཞུགས་འཐུས་ མེདཔ་སྦེ་བཟོ་མི་དང་ ལས་འབྱེདཔ་ཚུ་གི་འཐུས་མེདཔ་སྦེ་ བཟོ་མི་ལ་སོགས་པའི་ ནང་འཁོད་ཀྱི་ ཟད་འགྲོ་མར་ཕབ་འབད་ནི་གི་ ཐབས་ལམ་ཚུ་བཏོན་མི་ལས་བརྟེན་ཏེ་ཨིན་ཟེར་བཤད་ཅི།

གདུང་བསམ་གྱིབ་ཆས་ཚད་འཛིན་གྱིས་ ཚོང་འབྲེལ་རྒྱ་སྐྱེད་འགྱོ་མི་ལས་བརྟེན་ཏེ་ཡང་ རྒུད་འདི་ མར་ཕབ་འབད་ཚུགས་ཏེ་ཡོདཔ་ཨིན་མས།

ལས་འཛིན་འདི་གི་ ཚོང་འབྲེལ་ངོ་མ་འདི་ར་ གདུང་བསམ་རྩི་ས་ལས་འཛིན་དང་གཅིག་ཁར་ འཐབ་དོ་ཡོདཔ་དང་ འདི་ཡང་ རྩི་ས་བཙུགས་ནི་གི་ ཕད་ཅུ་འདི་ཚུ་ བཀྲམ་སྤེལ་འབད་དོ་ཡོདཔ་ཨིན།

ད་རུང་ ལས་འཛིན་འདི་གི་ ལས་སྡེ་དྲུང་ཆེན་ ཤེས་རབ་ཆོས་འཕེལ་གྱིས་སླབ་མི་ནང་ གདུང་བསམ་རྩི་ས་ལས་འཛིན་འདི་ཡང་ ད་ལྟོ་ ཚོང་འབྲེལ་ལེགས་ཤོམ་ཅིག་སྦེ་ འགྱོ་མ་ཚུགས་པ་ཡོད་ནི་འདི་གིས་ ཁོང་གི་ ཚོང་འབྲེལ་དམིགས་ཡུལ་འདི་ཡང་ གྲུབ་མི་ཚུགས་པས་ཟེར་ཨིན་མས།

གདུང་བསམ་གྱིབ་ཆས་ཚད་འཛིན་གྱིས་ དུས་ཅི་ལོ་མཇུག་བསྡུ་བའི་བསྒང་ལས་ ཁེ་སང་བཟོ་ཚུགས་པའི་ རེ་བ་སྐྱེད་དོ་ཡོདཔ་ཨིན།