མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ཚོགས་༢་པའི་ ཚོགས་ཐེངས་༧་པའི་ འགོ་བཙུགས་ཀྱི་རྟེན་འབྲེལ་ནང་ལུ་ དབུ་ཞུགས་མཛད་གནང་ཡོདཔ། - འབྲུག༌རྒྱང༌བསྒྲགས། | འབྲུག༌རྒྱང༌བསྒྲགས།
གཟའ་པ་སངས། ༢༠༡༨ ཟླ་༨ པའི་སྤྱི་ཚེས་༡༦

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ཚོགས་༢་པའི་ ཚོགས་ཐེངས་༧་པའི་ འགོ་བཙུགས་ཀྱི་རྟེན་འབྲེལ་ནང་ལུ་ དབུ་ཞུགས་མཛད་གནང་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༢༧ ༢༠༡༦

His Majesty graces the parliament’s opening༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཁ་ཙ་ སྤྱི་ཚོགས་༢་པའི་ ཚོགས་ཐེངས་༧་པ་ འགོ་བཙུགས་ཀྱི་རྟེན་འབྲེལ་ནང་ལུ་ དབུ་ཞུགས་མཛད་གནང་ཡི།

རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་གྱིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ སྤྱི་ཚོགས་འགོ་བཙུགས་ཀྱི་རྟེན་འབྲེལ་ནང་ དབུ་ཞུགས་མཛད་གནང་མི་ལུ་ བཀའ་དྲིན་དགའ་འཚོར་ཡོད་ཟེར་ཞུ་ཡི།

ད་རུང་ ཚོགས་དཔོན་གྱིས་ མི་དབང་རྒྱལ་སྲས་མཆོག་ སྐུ་འཁྲུངས་ཡོད་མི་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་ལུ་ བཀའ་དྲིན་ལེགས་སོ་གི་ཞུ་བ་ཕུལ་ཡི།

ད་རེས་ཀྱི་ ཚོགས་ཐེངས་ནང་ལུ་ འབྲུག་གི་རྒྱབ་མིའི་འཕྲི་སྣོན་དཔྱད་ཡིག་དང་ འབྲུག་གི་ཚོང་སྡེའི་དཔྱད་ཡིག་ དེ་ལས་ སྤ་རོ་གི་ཁྲོམ་སྡེ་དང་ བང་ལ་དེཤི་དང་ འབྲུག་ རྒྱ་གར་དང་ བལ་བུ་གི་བར་ན་ སྣུམ་འཁོར་རྒྱུན་འགྲུལ་གྱི་ གན་རྒྱ་ཚུ་གི་ཐོག་ལུ་ གྲོས་བསྡུར་གནང་ནི་ཨིན་མས།

ད་རུང་ རྒྱལ་ཁབ་ཀྱི་གནས་སྟངས་སྙན་ཞུ་དང་ ངན་ལྷད་བཀག་སྡོམ་གྱི་ལོ་བསྟར་སྙན་ཞུ་ཚུ་ཡང་ ཕུལ་ནི་ཨིན་མས།

སྤྱི་ཚོགས་ཀྱི་ཚོགས་ཐེངས་༧་པ་འདི་ སྤྱི་ཟླ་༦་པའི་སྤྱི་ཚེས་༣༠་ལུ་ གྲོལ་གནང་ནི་ཨིན་མས།