གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༤

འགེགས་རྫས་ཀྱི་ཐགསཔ་ ཨརཝ་བརྐུ་བའི་དོག་པ་ལས་བརྟེན་ཏེ་ ཕོ་རྒས་ཅིག་བཟུང་ཡོདཔ།

སྤྱི་ཟླ་༩ པའི་ཚེས་ ༣༠ ༢༠༡༥

Man detained on suspicion of stealing explosive cable༉ གཞལམ་སྒང་གི་ ཁྲིམས་སྲུང་འགག་པ་གིས་ ཤིང་མཁར་རྒེད་འོག་ ཝམ་གླིང་གཡུས་ཚན་ནང་ལས་ སྐྱེས་ལོ་༤༧ལང་མི་ཕོ་རྒས་གཅིག་ འགེགས་རྫས་ཀྱི་ཐགསཔ་ ཨརཝ་བརྐུ་བའི་དོག་པ་ལས་བརྟེན་ཏེ་ བཟུང་ཡོདཔ་ཨིན་མས།

འགེགས་རྫས་ཀྱི་ཐགསཔ་འདི་ཡང་ ཤིང་མཁར་རྒེད་འོག་གི་ སྣུམ་འཁོར་ལམ་བསལ་སའི་ ས་སྒོ་ནང་ལས་ ཨརཝ་ཤོར་ཡོདཔ་ཨིན་མས།

དོག་པ་ཅན་ཕོ་རྒས་འདི་ཡང་ ཧེ་མའི་ལཱ་རྒྱབ་འདི་གིས་ ཡིག་ཐོག་ལུ་ སྙན་ཞུ་འབད་བའི་ཤུལ་མ་ སྤྱི་ཟླ་༩པའི་སྤྱི་ཚེས་༡༤གི་ཚེས་ བཟུང་ནུག

འགེགས་རྫས་ཀྱི་ཐགསཔ་འདི་ སྤྱི་ལོ་༢༠༡༤ལས་ར་ ཨརཝ་ཤོར་ཏེ་འབད་རུང་ ཧེ་མའི་ལཱ་རྒྱབ་འདི་གིས་ དུས་ཅི་ལོ་འགོ་བཙུགས་ཁམས་ཅིག་ཁར་རྐྱངམ་ཅིག་ སྙན་ཞུ་འབད་ཡོདཔ་ཨིན་མས།

དོག་པ་ཅན་ཕོ་རྒས་འདི་གིས་སླབ་མི་ནང་ ཁོ་གིས་ ཧེ་མའི་ལཱ་རྒྱབ་དང་ཅིག་ཁར་ ཤིང་མཁར་ལམ་གྱི་ སྤག་ཚད་འདི་གི་སྐོར་ལས་ རྒྱབ་འགལ་སྦེ་འགྱོཝ་ལས་ ལམ་གྱི་སྤག་ཚད་ཀྱི་སྐོར་ལས་ མ་སྒྲིགཔ་ཐོན་མི་འདི་ ཁོ་ལས་བརྟེན་ཏེ་ཨིནམ་སྦེ་ སླབ་མས་ཟེར་ཨིན་མས།

ལཱ་རྒྱབ་འདི་ཡང་ ཤིང་མཁར་ལམ་གྱི་ སྤག་ཚད་སྐོར་ལས་ མ་སྒྲིགཔ་ཐོན་ཞིནམ་ལས་ ཁེ་ཕན་བརྟག་སྤྲོད་ཀྱི་དོན་ལས་ དགོངས་ཞུ་འབད་ཡོདཔ་ཨིན་མས།

ད་རུང་ དོག་པ་ཅན་འདི་གིས་སླབ་མི་ནང་ འགེགས་རྫས་ཀྱི་ཐགསཔ་ཚུ་ ད་རེས་སྙན་ཞུ་འབད་མི་ ལཱ་རྒྱབ་འདི་གིས་ར་ ཁོ་གི་སྐུདཔོ་ལུ་བྱིན་བྱིནམ་ ཨིན་ཟེར་བཤདཔ་ཨིན་མས།