གཟའ་མིག་དམར། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༣

མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་མི་དབང་རྒྱལ་བཙུན་མཆོག་ཞབས་དྲུང་སྐུ་མཆོད་བརྩི་སྲུང་ནང་བྱོན་ཡོདཔ།

སྤྱི་ཟླ་༤ པའི་ཚེས་ ༢༩ ༢༠༡༥

HM graces Zhabdrung Kuchoe-༉ ཁ་ཙ་ ཞབས་དྲུང་མཆོད་ཀྱི་ དུས་ཆེན་དང་འབྲེལ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་ སྤུ་ན་བདེ་བ་ཆེན་པོའི་ཕོ་བྲང་ནང་ལུ་བྱོན་གནང་ཡི།

ཞབས་དྲུང་སྐུ་མཆོད་འདི་ ལོ་བསྟར་བཞིན་དུ་ རང་ཟླ་༣་པའི་ཚེས་༡༠་ལུ་ བརྩི་སྲུང་ཞུ་དོ་ཡོདཔ་ད་ དེ་ཡང་ ཞབས་དྲུང་རིན་པོ་ཆེ་ལུ་ གུས་བསྟུད་དང་ བཀའ་དྲིན་བསམ་ནིའི་དོན་ལུ་ཨིན་མས།

ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་ སྤྱི་ལོ་༡༦༥༡་ལུ་ སྤུ་ན་བདེ་བ་ཆེན་པོའི་ ཕོ་བྲང་ནང་ལུ་སྦེ་ ལོ་༡༢་གི་རིང་ལུ་ སྐུ་མཚམས་ནང་བྱོན་ཡོདཔ་ཨིན།

གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་གྱིས་གཙོས་པའི་ དགེ་སློང་ཞལ་གྲངས་༡༠༠་དེ་ཅིག་གིས་ སྤུ་ན་ཁ་རྫོང་གི་ ཀུན་རྭ་ནང་ལུ་སྦེ་ གསུང་ཆོག་ཚུ་གནང་ནུག

གསུང་ཆོག་གནང་ས་ལུ་ ལྷན་རྒྱས་གཞུང་ཚོགས་ཀྱི་བློན་པོ་ཚུ་དང་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་ དེ་ལས་ གཞུང་གི་འགོ་དཔོན་ཚུ་ཡང་འོང་ནུག

ཀུན་རྭ་ནང་ལུ་ གསུང་ཆོག་གནང་ཚར་བའི་ཤུལ་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་མཆོག་གིས་ མ་ཆེན་ལྷ་ཁང་ནང་ལུ་ ཐུགས་སྨོན་དང་ སྙན་གསོལ་ཚུ་ཕུལ་གནང་ཡི།

རྫོང་གི་ རྡོ་ཅལ་དང་པའི་ནང་ལུ་ མི་བརྒྱ་ལས་བཅད་མི་ཚུ་གིས་ ཞབས་དྲུང་ཕུན་སུམ་ཚོགསཔ་གི་ མཐོང་གྲོལ་ མཇལ་ཁ་གནང་སྟེ་ཡོད་མི་གི་ སྐུ་མདུན་ལུ་སྦེ་ འཇིགས་རྟེན་དབང་ཕྱུག་ བསག་སྟེ་ཡོདཔ་ཨིན།

འཇིགས་རྟེན་དབང་ཕྱུག་འདི་ཡང་ ད་རིས་ལས་འགོ་བཙུགས་ཏེ་ ཉིམ་༥་གི་རིང་ བསག་ནི་ཨིནམ་ད་ དེ་ཡང་ འཇིགས་རྟེན་དབང་ཕྱུག་ཚོགས་པ་གིས་ འགོ་འདྲེན་འཐབ་ཨིན་མས།