གཟའ་ཉི་མ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༦

སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ལྷུན་རྩེ་ རྣམ་གྲོལ་གླིང་དགོན་འཛིན་གྲྭ་ཚང་ནང་ལུ་ དྲག་དམར་གྲུབ་ཆེན་གནང་དོ་ཡོདཔ།

སྤྱི་ཟླ་༢ པའི་ཚེས་ ༢༨ ༢༠༡༥

His Holiness presides over Dramar Drupchen- ༉ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ལྷུན་རྩེ་རྫོང་ཁག་ རྣམ་གྲོལ་གླིང་དགོན་འཛིན་གྲྭ་ཚང་ནང་ལུ་སྦེ་ ཉིན་གྲངས་༩་གི་དྲག་དམར་གྲུབ་ཆེན་འདི་ དབུ་བཞུགས་མཛད་གནང་དོ་ཡོདཔ་ཨིན།

གྲུབ་ཆེན་འདི་ཡང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ དགུང་ལོ་༦༠་བཞེས་པའི་ འཁྲུངས་སྐར་དུས་སྟོན་ རྩིས་སྲུང་ཞུ་ནི་གི་དོན་ལུ་ གནང་དོ་ཡོདཔ་ཨིན་མས།

སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ལས་ དབང་ནི་དང་ སྐྱབས་རྗེ་མཆོག་ལུ་ སྨོན་འདེབས་ཕུལ་ནི་དོན་ལས་ རྫོང་ཁག་ནང་འཁོད་དང་ ཉེས་འདབས་ཀྱི་ས་གནས་ཁག་ཚུ་ནང་ལས་ དད་མོས་ཅན་གྱི་མི་ བརྒྱ་ལས་བཅད་མི་ཚུ་ འཛོམས་ཏེ་ཡོདཔ་ཨིན་མས།

གྲུབ་ཆེན་འདི་ གཟའ་པ་སངས་ཀྱི་ཚེས་ གྲོལ་གནང་ནི་གི་ལས་རིམ་འདུག