གཟའ་ཕུར་བུ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༣

བློན་ཆེན་མཆོག་གིས་ རྒྱལ་ཁབ་ནང་ལུ་ དཔལ་འབྱོར་ཡར་དྲག་བཏང་ནི་གི་དོན་ལས་ སྒེར་སྡེ་ཡར་རྒྱས་གཏང་ནི་གི་གནས་སྟངས་འདི་ ལེགས་ཤོམ་བཟོ་དགོཔ་ཡོདཔ་སྦེ་གསུང་ཡོདཔ།

སྤྱི་ཟླ་༡༢ པའི་ཚེས་ ༢༩ ༢༠༡༤

PM-emphasises-the-importance-of-private-sector༉ རྒྱལ་ཁབ་ནང་ལུ་ དཔལ་འབྱོར་ཡར་དྲག་བཏང་ནི་གི་དོན་ལས་ སྒེར་སྡེ་ཡར་རྒྱས་གཏང་ནི་གི་གནས་སྟངས་ལེགས་ཤོམ་བཟོ་དགོཔ་འདུག་ཟེར་ཨིན་མས།

འདི་ཡང་ བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་གིས་ ད་རིས་ ཐིམ་ཕུག་ལུ་སྦེ་ གཞུང་དང་སྒེར་སྡེ་གི་བར་ནའི་གྲོས་བསྡུར་གྱི་ལས་རིམ་འགོ་དང་པ་འགོ་འདྲེན་འཐབ་ས་ལུ་ གསུང་སྟེ་ཡོདཔ་ཨིན།

བློན་ཆེན་མཆོག་གིས་གསུང་མི་ནང་ གཞུང་གིས་ཁ་ཐུག་ལས་ སྒེར་སྡེ་གོང་འཕེལ་གྱི་དོན་ལུ་ འཕྲུལ་རིག་དང་མ་རྩ་གི་རྒྱབ་སྐྱོར་ཚུ་གནང་འོང་ཟེར་ཨིན་མས།

ཨིན་རུང་ སྒེར་སྡེ་ལས་སྡེ་ཚུ་གིས་ སྤུད་ཚད་དང་དོ་འགྲན་ལུ་གཙོ་བོར་བསྟེན་ནི་ལུ་ ཁས་བླངས་འབད་དགོ་ཟེར་གསུང་ཡི།

ལས་རིམ་གྱི་སྐབས་ལུ་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་གི་ཡོངས་ཁྱབ་དྲུང་ཆེན་ ཕུརཔ་ཚེ་རིང་གིས་སླབ་མི་ནང་ སྒེར་སྡེ་ཡར་དྲག་གཏང་ནི་གི་དོན་ལུ་ ཚོང་འབྲེལ་གྱི་སྲིད་བྱུས་བསྐྱར་ཞིབ་འབད་དགོཔ་ཡོདཔ་མ་ཚད་ བཟོ་བསྐྲུན་དང་བཟོ་གྲྭ་ དེ་ལས་ ས་གཏེར་ལས་སྡེ་ཚུ་ཡང་ ཡར་དྲག་གཏང་དགོཔ་འདུག་ཟེར་བཤད་ཅི།

གཞུང་དང་སྒེར་སྡེ་གི་བར་ནའི་གྲོས་བསྡུར་གྱི་ལས་རིམ་དང་འབྲེལ་ སྒེར་སྡེ་ཡར་དྲག་གཏང་ནི་གི་དོན་ལས་ ཚོང་ལས་ཡར་དྲག་ཚོགས་སྡེ་ཟེར་མི་ གཙུག་སྡེ་ཅིག་ཡང་ གཞི་བཙུགས་འབད་ཡོདཔ་མ་ཚད་ འབྲེལ་ཡོད་བློན་པོ་ཚུ་གིས་ གཟའ་མིག་དམར་ཨ་རྟག་ར་ དུས་ཡུན་ཆུ་ཚོད་༢་ཀྱི་རིང་ སྒེར་སྡེ་ལས་སྡེ་ཚུ་དང་ཅིག་ཁར་ ཕྱད་ནི་སྦེ་ཡང་ གྲོས་ཐག་བཅད་ནུག