རྫོང་ཁ། | ཨིང་ལིཤ། གཟའ་ལྷག་པ། ༢༠༢༠ ཟླ་༨ པའི་སྤྱི་ཚེས་༤

གནས་ཚུལ་གཞན།

མི་སྡེ་ཁག་འབགཔ་གི་ལཱ་ ཚོགས་ཆུང་མ་བརྒྱུད་པར་སྤྲོད་མི་ལུ་ ཁག་འབགཔ་ལ་ལུ་ཅིག་སེམས་དང་མ་ལྡན་པར་ཡོདཔ།

༉ མོང་སྒར་ དགྲ་མེད་རྩེ་རྒེད་འོག་ནང་ལུ་ དུས་ཅི་ སོ་ནམ་ཞིང་ལམ་གུ་ རྡོ་ཧྲུག་ཞིབ་ནི་དང་ རྩིག་གྱང་གི་ཁག་འབགཔ་ལཱ་ ཁག་༢ བལྟ་རྟོག་དང་དབྱེ་ཞིབ་ཚོགས་ཆུང་དང་ཅིག་ཁར་ བསྟུན་གྲོས་མ་འབད་བར་འབྱིན་མི་ལུ་ མི་སྡེ་ཁག་འབགཔ་ལ་ལུ་ཅིག་ ཚ་གྱང་ལང་དགོཔ་ཐོན་ཏེ་འདུག

རྒེད་འོག་ཡིག་ཚང་ ཁྲོམ་གྱི་རྩ་བ་ལུ་འབདཝ་ལས་ ལམ་རྩི་ནག་བཏང་ནི་གི་གོ་སྐབས་མེད་པར་ མི་སེར་ཚུ་ལུ་སྟབས་མ་བདེཝ།

༉ བུམ་ཐང་ ཆོས་འཁོར་རྒེད་འོག་ཡིག་ཚང་འདི་ ཁྲོམ་གྱི་ཉེ་འདབས་ལུ་རང་ཆགས་ཏེ་ཡོདཔ་ལས་ གཡུས་ཁའི་དོན་ལུ་སེལ་ཏེ་ཡོད་མི་ སོ་ནམ་ཞིང་ལམ་འདི་ རྩི་ནག་བཏང་ནི་གི་འོས་འབབ་ མེདཔ་སྦེ་ཨིན་མས།

དུས་ཅི་ དབྱར་རྩྭ་དགུན་འབུཔ་གི་རིན་བསྡུར་གནས་སྟང་འདི་ བློ་ཕམ་སི་སི་ཅིག་སྦེ་འཐོན་ཏེ་ཡོདཔ།

༉ དུས་ཅི་ དབྱར་རྩྭ་དགུན་འབུཔ་རིན་བསྡུར་འབད་ནི་འདི་ ཁ་ཙ་ སྤ་རོ་ལས་འགོ་བཙུགས་མི་དང་བསྟུན་ གནས་སྟངས་འདི་ བློ་ཕམ་སི་སི་ཅིག་སྦེ་འཐོན་ཏེ་འདུག

གནམ་བྱཱར་འདི་ དགྲ་མེད་རྩེ་རྒེད་འོག་གི་ཁྱིམ་གུང་ ༥ ལུ་ འདྲོག་འབྱེལ་ཆེ་བའི་གནས་སྟངས་ཅིག་སྦེ་ འཐོན་ཏེ་ཡོདཔ།

༉ ད་རེས་ གནམ་བྱཱར་གྱི་དུས་ཚོད་དང་བསྟུན་ མོང་སྒར་རྫོང་ཁག་ དགྲ་མེད་རྩེ་རྒེད་འོག་ ཟངས་མཁར་སྤྱི་འོག་ནང་ཡོད་པའི་ ཁྱིམ་གུང་ ༥ གི་བཟའ་ཚང་ཚུ་ ས་རུད་ཚུ་གི་ཉེན་ཁ་ལས་བརྟེན་ འདྲོག་འབྱེལ་འཐབ་སྟེ་རང་ སྡོད་དགོཔ་འཐོན་ཏེ་འདུག

འབྲུག་རྒྱལ་ཡོངས་དངུལ་ཁང་ནང་ ཡིག་ཆ་བརྫུས་མ་བཟོ་སྟེ་ ལས་རོགསཔ་བཙུགས་མི་གི་ཐད་ཁར་ ཞིབ་དཔྱད་འབད་དོ་ཡོདཔ།

༉ སྤྱི་ལོ་ ༢༠༡༧ སྤྱི་ཟླ་ ༤ པ་དང་ སྤྱི་ལོ་ ༢༠༡༨ སྤྱི་ཟླ་ ༢ པའི་ནང་ ཐིམ་ཕུག་ལུ་ཡོད་པའི་ འབྲུག་རྒྱལ་ཡོངས་དངུལ་ཁང་ནང་ ཡིག་ཆ་བརྫུས་མ་བཟོ་སྟེ་ དངུལ་ཁང་གི་ལས་རོགསཔ་ ༡༥ བཙུགས་མི་གི་གནད་དོན་འདི་ ད་རེས་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་བསྒང་ར་འདུག

འབྲུག་གློག་བརྙན་ཚོགས་པའི་བཀོད་ཚོགས་དང་ བཀོད་ཁྱབ་མདོ་ཆེན་གྱི་རྩོད་གཞི་འདི་ ཐིམ་ཕུག་རྫོང་ཁག་ཁྲིམས་ཀྱི་འདུན་སར་བཙུགས་ཏེ་ཡོདཔ།

༉ འཕྲལ་ཁམས་ཅིག་ཁར་ གནས་གྲོལ་བཏང་སྟེ་ཡོད་མི་ འབྲུག་གློག་བརྙན་ཚོགས་པའི་བཀོད་ཁྱབ་མདོ་ཆེན་ ངག་དབང་སྟོབས་རྒྱས་ཀྱིས་ གློག་བརྙན་ཚོགས་པའི་བཀོད་ཚོགས་དང་གཅིག་ཁར་ རྩོད་གཞི་འདི་ ཐིམ་ཕུག་རྫོང་ཁག་ཁྲིམས་ཀྱི་འདུན་སར་བཙུགས་ཏེ་འདུག

ཡེ་ཤི་ཡ་གོང་འཕེལ་དངུལ་ཁང་གིས་ གཞུང་ལུ་ ཡུ་ཨེསི་ཌོ་ལར་ས་ཡ་ ༢ གནང་སྦྱིན་སྦེ་བྱིན་ཏེ་ཡོདཔ།

༉ ཡེ་ཤི་ཡ་གོང་འཕེལ་དངུལ་ཁང་གིས་ གཞུང་ལུ་ ནད་ཡམས་ཀོ་ཝིཌ་ནའིན་ཊིན་ལུ་ གདོང་ལེན་འབད་ནི་གི་དོན་ལས་ ཡུ་ཨེསི་ཌོ་ལར་ས་ཡ་ ༢ གནང་སྦྱིན་སྦེ་བྱིན་ཏེ་འདུག

རྒྱལ་ཁབ་ནང་ ནད་ཡམས་ཀོ་ཝིཌ-19 འཐོབ་མི་གི་གྱངས་ཁ་༩༢་ལུ་ལྷོད་ཡོདཔ།

༉ འདས་པའི་ཆུ་ཚོད་༢༤ གི་ནང་འཁོད་ལུ་ ད་རུང་རང་ མི་༢ ལུ་ ནད་ཡམས་ཀོ་ཝིཌ-19 འཐོབ་སྟེ་ཡོདཔ་སྦེ་ བརྟག་དཔྱད་འབད་མི་དང་འབྲེལ་ རྒྱལ་ཁབ་ནང་ལུ་ ནད་གཞི་ཐོབ་མི་གི་གྱངས་ཁ་འདི་ བསྡོམས་ཀྱིས་༩༢ ལུ་ལྷོད་དེ་འདུག

ཝམ་རོང་དྲུང་ཁག་ཁྲིམས་ཀྱི་འདུན་ས་ལས་ དྲང་དཔོན་གྱི་ཨམ་སྲུ་ལུ་ བཙོན་ཁྲིམས་ལོ་ཕྱེད་ད་༢་གི་ འཁྲུན་ཆོད།

༉ ཝམ་རོང་དྲུང་ཁག་ཁྲིམས་ཀྱི་འདུན་ས་ལས་ དྲང་དཔོན་གྱི་ཨམ་སྲུ་ ཚེ་རིང་དབྱངས་སྐྱིད་ལུ་ འཐབ་རྫིང་འབད་བའི་ཉེས་པ་ལུ་ ལོ་ཕྱེད་ད་༢་གི་བཙོན་ཁྲིམས་སྐྱེལ་ཡོདཔ་ཨིན་མས།

མི་སྡེའི་ས་གཏེར་ལས་སྡེ་ མཐར་ཁྱོལ་ཅན་ཅིག་སྦེ་འཐོན་ཡོདཔ།

༉ པདྨ་དགའ་ཚལ་ལུ་ མི་སྡེའི་ས་གཏེར་ལས་སྡེ་གཅིག་ འགོ་བཙུགས་ཏེ་ཡོད་མི་འདི་ མཐར་ཁྱོལ་ཅན་ཅིག་སྦེ་འཐོན་ཏེ་ཡོདཔ་ལས་ འདི་གི་ གྲུབ་འབྲས་ལུ་བལྟ་སྟེ་འབད་བ་ཅིན་ རྒྱལ་ཁབ་ནང་ལུ་ ས་གནས་ཀྱི་མི་ཚུ་ གྲལ་ཁར་བཙུགས་ཏེ་ ཁེ་ཕན་ཚུ་ཡང་ བགོ་བཤའ་རྐྱབ་སྟེ་འབད་མི་ དེ་བཟུམ་མའི་ལས་སྡེ་ཚུ་གིས་ རྒྱལ་ཁབ་ཀྱི་ ས་གཏེར་ལས་སྡེ་ལུ་ ཕན་ཐོགས་སྦོམ་བྱུང་ཚུགས་པའི་ འོས་བབས་ཡོདཔ་ཨིན་མས།