མཆོད་རྟེན་སློང་མི་ལུ་ ཉེས་ཁྲིམས་ཚེ་བཙོན་བཀལ་ཡོདཔ།

༉ བཀྲིས་གཡང་རྩེ་རྫོང་ཁག་ཁྲིམས་ཀྱི་འདུན་ས་ལས་ ཁམས་དྭངས་རྒེད་འོག་ནང་ལས་ སྐྱེ་ལོ་༣༤ལང་མི་ ཕོ་རྒས་ཅིག་གིས་ མཆོད་རྟེན་གཅིག་སློང་ཡོད་པའི་ཉེས་པ་ལུ་ ཚེ་བཙོན་གྱི་འཁྲུན་ཆོད་གནང་སྟེ་སྦེ་འདུག

རྫོང་ཁག་ཁྲིམས་ཀྱི་འདུན་ས་ལས་ འཁྲུན་ཆོད་འདི་ཡང་ ད་རིས་ གནང་ཡོདཔ་ཨིན་མས།

འཁྲུན་ཆོད་འདི་དང་འཁྲིལ་བ་ཅིན་ ཉེས་ཅན་ཕོ་རྒས་འདི་གིས་ ན་ཧིང་ སྤྱི་ཟླ་༡༢པའི་ནང་ སྟོད་མཚོ་རྒེད་འོག་ ཕྱོ་ལབ་ཙ་གཡུས་ཚན་ནང་ཡོད་པའི་ མཆོད་རྟེན་ཅིག་སློང་སྟེ་ཡོདཔ་སྦེ་བཀོད་དེ་འདུག

མཆོད་རྟེན་འདི་ནང་གི་ ནང་རྟེན་ཚུ་ཡང་ ག་རང་ ལོག་ཐོབ་སྟེ་ཡོདཔ་སྦེ་ཨིན་མས།

གནས་ཚུལ་བསྡུ་ལེན་པ་ བསོད་ནམས་དར་རྒྱས། བཀྲ་ཤིས་གཡང་རྩེ།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube