སྤ་རོ་ལུ་ སྣུམ་འཁོར་གྱིས་ ཨམ་སྲུ་གཅིག་བསད་ཡོདཔ།

༉ ཁ་ཙ་ ཕྱི་རུ་ཆུ་ཚོད་༦་དེ་ཅིག་ཁར་ སྤ་རོ་བོང་སྡེ་ལུ་ སྣུམ་འཁོར་གཅིག་གིས་ སྐྱེས་ལོ་༣༢་ལང་མི་ཨམ་སྲུ་གཅིག་ བསྣད་བཏང་པའི་ཤུལ་ ཁ་ཐུག་མར་ བསད་ད་ནུག

ཨིན་རུང་ སྣུམ་འཁོར་འདི་ ད་ལྟོ་ཡང་ འཚོལ་མ་ཐོབ་པར་ཡོདཔ་ལས་ ཁྲིམས་སྲུང་འགག་སྡེ་གིས་ ཞིབ་དཔྱད་ཚུ་འབད་བའི་བསྒང་རང་འདུག

ས་གནས་ཀྱི་མི་སེར་ཚུ་གིས་འབད་བ་ཅིན་ ཚེ་འདས་ཨམ་སྲུ་འདི་ ས་གནས་ནང་ལུ་ ཆང་དྲང་ཡི་རང་ ཕར་ཚུར་འགྱོ་སྟེ་སྡོད་དོ་ཡོདཔ་སྦེ་བཤད་ཅི།

ཚེ་འདས་ཨམ་སྲུ་འདི་ལུ་ བུམོ་གཅིག་ཡོདཔ་ཨིན་མས།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར་ཕཀོད་ས།

Please enter your comment!
Please enter your name here

བསམ་འཆར།

Facebook
Twitter
YouTube