ཉེན་ཁ་ཆེ་བའི་ས་གོ་ཚུ་ནང་ གསོ་བའི་ཞིབ་དཔྱད་ཀྱི་ཞབས་ཏོག།

༉ གསོ་བའི་ལྷན་ཁག་གི་ཁ་ཐུག་ལས་ ནད་ཡམས་ཀྱི་ཉེན་ཁ་ཆེ་བའི་ ས་གོ་ནང་སྡོད་མི་ཚུ་ལུ་ གསོ་བའི་ཞིབ་དཔྱད་ཀྱི་ཞབས་ཏོག་ཚུ་ ཁོང་རའི་རྫོང་ཁག་ནང་ལུ་སྦེ་ ལེན་གནང་ཟེར་ནན་སྐུལ་འབདཝ་ཨིན་མས།

གསོ་བའི་བློན་པོ་ བདེ་ཆེན་དབངམོ་གིས་གསུངས་མི་ནང་ མི་མང་ཤོས་ཅིག་གི་ར་ ད་རེས་ རྫོང་ཁག་ཚུ་ནང་ལས་ཕར་ གསོ་བའི་ཞིབ་དཔྱད་ཀྱི་ཞབས་ཏོག་ བྱིན་དོ་ཡོད་པའི་སྐོར་ལས་ ཧ་མ་གོ་བར་འདུག་ཟེར་ཨིན་མས།

ཞབས་ཏོག་འདི་ཡང་ འདས་པའི་བདུན་ཕྲག་ལས་ བྱིན་ནི་འགོ་བཙུགས་ཡོདཔ་དང་ ཞབས་ཏོག་བྱིན་མི་ སྡེ་ཚན་༦ཡོདཔ་དང་ འདི་ནང་ལུ་ གསོ་བའི་མཁས་མཆོག་ཚུ་ཡང་ཡོདཔ་ཨིན་མས།

ཞབས་ཏོག་འདི་ སྤྱི་ཟླ་༡༢པ་ ཟླ་ཕྱེད་ཚུན་ཚོད་ བྱིན་ནི་ཨིན་མས།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube