སྨན་ཁབ་ཀྱི་ཁྱད་ཚད་ཚང་མི་ག་ར་གིས་ ཁབ་འདི་ ད་རེས་ཀྱི་ཟླཝ་ནང་ར་ རྐྱབ་དགོཔ།

༉ རྒྱལ་ཡོངས་སྨན་ཁབ་ཁྱད་རིག་བསླབ་སྟོན་སྡེ་ཚན་གྱི་ཁ་ཐུག་ལས་ ནད་ཡམས་བཀག་ཐབས་ཀྱི་སྨན་ཁབ་ ཐེངས་དང་པ་ མ་རྐྱབ་པར་ཡོད་མི་འབྲུག་མི་ སྨན་ཁབ་ཀྱི་ཁྱད་ཚད་ཚང་མི་ག་ར་གིས་ ཁབ་འདི་ ད་རེས་ཀྱི་ཟླཝ་ནང་ར་ རྐྱབ་དགོ་པའི་ནན་སྐུལ་འབདཝ་ཨིན་མས།

སྡེ་ཚན་གྱི་འཐུས་མི་ དྲུང་འཚོ་བསོད་ནམས་དབང་ཕྱུག་གིས་སླབ་མི་ནང་ སྡེ་ཚན་འདི་ནང་ལུ་ མི་མང་ཤོས་ར་ ཨ་ལུ་ཆགས་ཏེ་ཡོད་མི་ཨམ་སྲུ་དང་ ཨ་ལུ་ལུ་ ཨོམ་བྱིན་པའི་བསྒང་ཨིན་མི་ ཨའི་ཚུ་འོང་ཟེར་ཨིན་མས།

ཁོ་གིས་སླབ་མི་ནང་ སྨན་ཁབ་འདི་ ཁོང་ཆ་ཁྱབ་ཀྱི་དོན་ལུ་ ཉེན་སྲུང་ཡོད་པའི་སྒྲུབ་བྱེད་ མ་ལང་ལངམ་སྦེ་ཡོད་ཟེར་ཨིན་མས།

ད་རུང་ ཁོ་གིས་སླབ་མི་ནང་ བློན་ཆེན་ཡིག་ཚང་གིས་ སྤྱི་ཟླ་བཅུ་པའི་ཟླ་མཇུག་ལས་ སྨན་ཁབ་མ་བཙུགས་པར་ཡོད་མི་ ག་ར་ཨིན་རུང་ སྨན་ཁབ་མི་བྱིན་ནི་སྦེ་ གནས་ཚུལ་གསར་བཏོན་ཅིག་བཏང་སྟེ་ཡོད་ཟེར་བཤད་ཅི།

ཨིན་རུང་ ད་རེས་ ཁབ་ཐེངས་དངམ་འདི་རྐྱབ་པ་ཅིན་ ཁབ་ཐེངས་༢པ་འདི་ཐོབ་ཟེར་ཨིན་མས།

དྲུང་འཚོ་གིས་སླབ་མི་ནང་ གསོ་བའི་ཁ་ཐུག་ལས་ ཁག་ཆེ་བའི་ཞབས་ ལེ་ཤ་རང་བྱིན་དགོཔ་ཡོདཔ་ལས་ སྨན་ཁབ་ཚུ་ དུས་ཚོད་ཁར་ རྐྱབ་དགོ་པའི་ སེམས་ཤུགས་བྱིནམ་ཨིན་མས།

ད་རེས་ནངས་པ་ སྨན་ཁབ་ཀྱི་གོང་ཚད་ཡང་ མཐོ་དྲག་སྦེ་གནས་དོ་ཡོད་པའི་ཁར་ མི་རེ་རེ་གཉིས་གཉིས་འོངམ་ད་ སྨན་ཁབ་དུང་ཅུང་ཅིག་ ཁ་ཕྱི་དགོཔ་ལས་ ཁབ་ལྷག་མཇུག་འདི་ འཕྲོ་བརླག་འགྱོཝ་མས་ཟེར་བཤད་ཅི།

ཀརྨ་དབང་འདུས། གནས་ཚུལ་བསྡུ་ལེན་པ། ཐིམ་ཕུག

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube