གཟའ་ཕུར་བུ། ༢༠༢༡ ཟླ་༩ པའི་སྤྱི་ཚེས་༡༥

བུམོ་ལོ་ན་མ་སྨིན་པའི་བསྒང་ལས་ ཨ་ལུ་ཆགས་མི་གི་གནད་དོན་འདི་ སྙན་ཞུ་མི་འབད་དོ་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༣༡ ༢༠༢༡

༉ བསམ་གྲུབ་ལྗོངས་མཁར་ལུ་ སྐྱེས་ལོ་ ༡༢ ལང་མི་བུམོ་གཅིག་གིས་ ཨ་ལུ་སྐྱེས་ཏེ་ཡོད་མི་འདི་ མོ་གིས་ ཨ་ལུ་འདི་ ན་བའི་ཤུལ་མ་ གསོ་བའི་གཞི་རྟེན་སྨན་ཁང་ནང་མ་བསྐྱལ་བར་ཅིན་ གནད་དོན་འདི་ མ་ཤེས་པར་ལུས་ནི་བཟུམ་ཅིག་སྡོད་ཡོདཔ་ཨིན་མས།

ཨམ་སྲུའི་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་གིས་བཀོད་མི་ནང་ ད་རེས་ རྒྱལ་ཁབ་ནང་ འདི་བཟུམ་གྱི་གནད་དོན་ཚུ་ སྙན་ཞུ་མ་འབད་བར་ལུས་མི་ ལེ་ཤ་ཅིག་རང་ཡོད་ཟེར་ཨིན་མས།

འདི་ཡང་ ལས་སྡེ་འདི་གི་གནས་སྡུད་དང་འཁྲིལ་པ་ཅིན་ ན་ཧིང་ རྫོང་ཁག་ ༡༧ གྱི་ནང་ལས་ བུམོ་ལོ་ན་མ་སྨིན་པའི་བསྒང་ལས་རང་ ཨ་ལུ་ཆགས་མི་གི་གནད་དོན་ ༢༠༠ དེ་ཅིག་ འཐོན་ཏེ་ཡོདཔ་སྦེ་ཨིན་མས།

གནས་ཚུལ་བསྡུ་ལེན་པ་ ཀུན་ལེགས་སྒྲོལམ། ཐིམ་ཕུག