འགྲོ་འགྲུལ་བཀག་དམ་ལས་བརྟེན་ རྩོད་གཞི་གི་སྙན་གསན་ཚུ་འགོ་འདྲེན་འཐབ་ནི་ནང་ ཐོ་ཕོག་སྟེ་ཡོདཔ།
སྤྱི་ཟླ་༢ པའི་ཚེས་ ༢༥ ༢༠༢༡༉ སྤྱི་ལོ་ ༢༠༢༠ ལོའི་ ལོ་བསྟར་དྲང་ཁྲིམས་ཀྱི་སྙན་ཞུ་དང་འཁྲིལ་པ་ཅིན་ ན་ཧིང་ རྒྱལ་ཁབ་ནང་ ཏི་རུ་དང་འབྲེལ་བའི་རྩོད་གཞི་ཁག་ ༡༧༠༠ དེ་ཅིག་ཐོ་བཀོད་འབད་མི་འདི་ གཞན་མི་རྩོད་གཞི་གི་གནད་དོན་ཚུ་དང་འཕྱདཔ་ད་ མཐོ་ཤོས་ཅིག་སྦེ་ འཐོན་ཏེ་ཡོདཔ་སྦེ་ཨིན་མས།
ཨིན་རུང་ གནད་དོན་འདི་ སྤྱི་ལོ་ ༢༠༡༩ དང་འཕྱདཔ་ད་ བརྒྱ་ཆ་ ༥༠ ལྷགཔ་ཅིག་གིས་ མར་ཕབ་སོང་སྟེ་ཡོདཔ་སྦེ་ཨིན་མས།
འདི་དང་གཅིག་ཁར་ ན་ཧིང་ རྩོད་གཞི་ཁག་ ༢༩༠༠ དེ་ཅིག་འདི་ རྩོད་གཞི་ཕྱི་མ་ཚུགས་པར་ ལུས་ཏེ་ཡོདཔ་ཨིན་མས།








རྒྱང་བསྒྲགས་དང་མཐུད་འབྲེལ།