སྐྱབས་རྗེ་མཆོག་གིས་ གུ་རུ་དྲག་དམར་གྱི་སྒྲུབ་ཆེན་གནང་དོ་ཡོདཔ།

༉ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ལྷུན་རྩེ་ ཨའུ་མཚོ་ལུ་ཡོད་པའི་ རྣམ་གྲོལ་གླིང་དགོན་འཛིན་གྲྭ་ཚང་ནང་ལུ་ བདུན་ཕྲག་གཅིག་གི་རིང་གནང་ནི་ཨིན་མི་ གུ་རུ་དྲག་དམར་གྱི་སྒྲུབ་ཆེན་གནང་ས་ལུ་ དབུ་བཞུགས་མཛད་གནང་པའི་བསྒང་རང་ཡོདཔ་ཨིན།
གྲྭ་ཚང་འདི་ནང་ ལོ་བསྟར་བཞིན་དུ་རང་གནང་སྲོལ་ཡོད་མི་ གུ་རུ་དྲག་དམར་གྱི་སྒྲུབ་ཆེན་འདི་ཡང་ ཁ་ཙ་ལས་ གནང་ནི་འགོ་བཙུགས་ཏེ་འདུག

དུས་ཅི་ སྒྲུབ་ཆེན་འདི་ཡང་ ནད་ཡམས་ཀོ་ཝིཊ་ནའིན་ཊིན་གྱི་གནས་སྟངས་ནང་གནང་དོ་ཡོདཔ་ལས་ ནད་ཡམས་ཞི་ནི་གི་ཟློག་ཐབས་ཚུ་ཡང་ གནང་དོ་ཡོདཔ་ཨིན་མས།

ད་རེས་ སྒྲུབ་ཆེན་གནང་ས་ལུ་ གྲྭ་ཚང་འདི་ནང་ལས་ དགེ་སློང་ཞལ་གྲངས་ ༡༧༠ ལྷགཔ་ཅིག་གིས་ གྲལ་བཞུགས་གནང་པའི་བསྒང་རང་འདུག

གུ་རུ་དྲག་དམར་གྱི་སྒྲུབ་ཆེན་འདི་ཡང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ སྤྱི་ལོ་༢༠༡༦ལས་ གནང་ནི་འགོ་བཙུགས་ཏེ་ཡོདཔ་ཨིན།

 

གནས་ཚུལ་བསྡུ་ལེན་པ་ བསོད་ནམས་ཚེ་རིང་།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube