ནད་ཡམས་ལས་བརྟེན་ཏེ་ དབང་པོ་སྐྱོན་ཅན་ཚུ་ལུ་ རྒྱབ་སྐྱོར་འབད་ནི་ནང་ ཧེང་སྐལ་རང་ གདོང་ལེན་འབྱུང་སྟེ་ཡོདཔ།

༉ ནད་ཡམས་ཀོ་ཝིཊ་ནའིན་ཊིན་ལས་བརྟེན་ཏེ་ མི་སེར་ཆ་མཉམ་ལུ་ འབྱེམ་ཕོག་སྟེ་ཡོད་ས་ལས་ གཅིག་འདི་ དབང་པོ་ལུ་ཐོ་ཕོག་སྟེ་ཡོད་མི་ ཨ་ལུ་ཚུ་ལུ་ ཕོག་སྟེ་འདུག

ནདམ་ཡམས་ལས་བརྟེན་ཏེ་ སློབ་གྲྭ་དང་སྤེལ་ཁང་ཚུ་སྒོ་སྡམ་དགོཔ་ཐོན་མི་དང་ འགྲོ་འགྲུལ་བཀག་དམ་ཚུ་ལས་བརྟན་ཏེ་ དབང་པོ་ལུ་ཐོག་ཕོག་མི་ཨ་ལུ་ཚུ་གིས་ཡང་ ཤེས་ཡོན་དང་བདའ་འཛིན་གྱི་ཞབས་ཏོག་འདི་ ཁྱིམ་ནང་ལས་རང་ ལེན་དགོཔ་སྦེ་ཐོན་ཏེ་འདུག

ཨིན་རུང་ ཨ་ལུའི་ཕམ་དང་བདའ་འཛིན་འཐབ་མི་ཚུ་ ཁྱད་རིག་གི་སྦྱོང་བརྡར་ཡོད་མི་ཅིག་མེདཔ་ལས་ དབང་པོ་སྐྱོན་ཅན་གྱི་ཨ་ལུ་ཚུ་ལུ་རྒྱབ་སྐྱོར་འབད་བ་ལུ་ གདོང་ལེན་འབྱུང་དོ་ཡོདཔ་སྦེ་ཨིན་མས།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube