གཟའ་ཉི་མ། ༢༠༢༠ ཟླ་༥ པའི་སྤྱི་ཚེས་༣༠

འཕྲོག་བཅོམ་དང་འཐབ་འཛིང་ལུ་ ལོ་ལྔ་གི་བཙོན་ཁྲིམས།

སྤྱི་ཟླ་༥ པའི་ཚེས་ ༢༢ ༢༠༢༠

༉ དབང་འདུས་ཕོ་བྲང་རྫོང་ཁག་ཁྲིམས་ཀྱི་འདུན་ས་གིས་ སྐྱེས་ལོ་༢༥ལང་མི་ཕོ་སྐྱེས་གཅིག་ལུ་ དངུལ་ཁུག་དང་འགྲུལ་འཕྲིན་འཕྱོག་འབག་མི་དང་ བྱེལཝ་ཟུབ་ཡོད་པའི་ཉེས་པ་ལས་བརྟེན་ཏེ་ བཙོན་ཁྲིམས་ལོ་ལྔ་གི་འཁྲུན་ཆོད་བཏོན་ཏེ་འདུག

ཁྲིམས་ཀྱི་འདུན་ས་ལས་ འཁྲུན་ཆོད་འདི་ཡང་ ཁ་ཙ་བཏོན་ཏེ་ཡོདཔ་ཨིན།

འཁྲུན་ཆོད་འདི་དང་འཁྲིལ་བ་ཅིན་ ཉེས་ཅན་འདི་གིས་ ན་ཧིང་ སྤྱི་ཟླ་༨པའི་ནང་ལུ་ བ་ཇོ་ཁྲོ་ཁ་ལས་ ཕོ་སྐྱེས་གཅིག་གི་དངུལ་ཁུག་དང་འགྲུལ་འཕྲིན་ཚུ་ འཕྱོག་འབག་ཡོདཔ་སྦེ་ཨིནམ་ཚད་ ཕོ་སྐྱེས་གཞན་མི་གཅིག་དང་ཅིག་ཁར་ཡང་ བྱེལཝ་ཟུབ་སྟེ་འདུག་ཟེར་ཨིན་མས།

ད་རུང་ འཁྲུན་ཆོད་འདི་དང་འཁྲིལ་བ་ཅིན་ ཉེས་ཅན་ཕོ་སྐྱེས་འདི་གིས་ ཁྲོམ་ཁ་ལུ་ སྣུམ་འཁོར་བཀག་བཞག་མི་ཚུ་གུ་ལུ་ མཛོག་དང་རྡོག་ཐེ་ཚུ་བརྡུང་བཞིན་ན་ མེདཔ་བཏང་སྟེ་འདུག་ཟེར་ཨིན་མས།

ཉེས་ཅན་ཕོ་སྐྱེས་འདི་ གཞལ་སྒང་ལས་ཨིན་མས།