གཟའ་མིག་དམར། ༢༠༢༠ ཟླ་༧ པའི་སྤྱི་ཚེས་༡༣

སྤ་རོ་གི་སྨོན་ལམ་ཆེན་མོའི་ནང་ རྡོ་རྗེ་སློབ་དཔོན་སྐུ་བགྲེསཔ་གིས་དབུ་བཞུགས།

སྤྱི་ཟླ་༡༡ པའི་ཚེས་ ༢༢ ༢༠༡༩

༉ སྤ་རོ་རྫོང་ཁག་གི་ལོ་བསྟར་སྨོན་ལམ་ཆེན་མོ་འདི་ ཁ་ཙ་ལས་ གནང་ནི་འགོ་བཙུགས་ཏེ་ཡོདཔ་ད་ སྨོན་ལམ་ཆེན་མོ་འདི་ཡང་ གཞུང་གྲྭ་ཚང་གི་རྡོ་རྗེ་སློབ་དཔོན་སྐུ་བགྲེས་ ངག་དབང་བསྟན་གྱིས་སྦེ་ དབུ་བཞུགས་གནང་དོ་ཡོདཔ་ཨིན་མས།

སྨོན་ལམ་ཆེན་མོ་འདི་ཡང་ གཟའ་ཟླཝ་གི་ཚེས་ ཚེ་དཔག་མེད་ཀྱི་དབང་གནང་སྟེ་སྦེ་ གྲོལ་གནང་ནི་གི་ལས་རིམ་འདུག