གཟའ་མིག་དམར། ༢༠༡༩ ཟླ་༨ པའི་སྤྱི་ཚེས་༡༩

འབུམ་སྡེ་གླིང་རྒཔོ་འདི་ དབང་བཙོང་འབད་ཡོད་པའི་ དོགས་པ་ལས་བརྟེན་ དོ་དམ་འོག་ལུ་བཞག་ཡོདཔ།

སྤྱི་ཟླ་༧ པའི་ཚེས་ ༡༧ ༢༠༡༩

༉ བཀྲིས་གཡང་རྩེ་ འབུམ་སྡེ་གླིང་གི་རྒཔོ་འདི་ སྐྱེས་ལོ་༡༦ལང་མི་བུམོ་ཅུང་གཅིག་ལུ་ དབང་བཙོང་འདོད་སྤྱོད་འབད་ཡོད་པའི་ དོགས་པ་ལས་བརྟེན་ཏེ་ དོ་དམ་འོག་ལུ་བཙུགས་ནུག

གནས་ཚུལ་འབྱུང་ཁུངས་ཅིག་དང་འཁྲིལ་བ་ཅིན་ རྒཔོ་འདི་ཡང་ འདས་པའི་བདུན་ཕྲག་ནང་ལས་ དོ་དམ་འོག་ལུ་བཙུགས་བཞག་སྟེ་ཡོདཔ་སྦེ་ཨིན་མས།

བྱ་ངན་འདི་བྱུང་སྟེ་སྦེ་ བདུན་ཕྲག་གཉིས་དེ་ཅིག་ལང་སྟེ་ཡོདཔ་ད་ འདི་ཡང་ ཉམས་རྒུདཔ་འདི་ ཁྱིམ་ནང་ལུ་ མོ་རའི་སྤུན་ཆ་ཆུང་ཤོས་ཚུ་དང་ཆ་སྡོད་པའི་སྐབས་ བྱུང་ནུག་ཟེར་ཨིན་མས།

བུམོ་འདི་གི་ཕམ་གཉིསཔོ་འདི་ དེ་བསྒང་ དབྱར་རྩྭ་དགུན་འབུཔ་འཐུ་བར་ སོང་ཡོདཔ་ལས་ ཁྱིམ་ནང་ལུ་ མེདཔ་ཨིན་མས།

གནད་དོན་འདི་གི་ཐད་ཁར་ ཁྲིམས་སྲུང་འགག་པ་ཚུ་གིས་ ཞིབ་དཔྱད་འབད་བའི་བསྒང་རང་ཡོདཔ་སྦེ་སླབ་ཞིན་ན་ ག་ནི་ཡང་ སླབ་མ་བཏུབ་ཨིན།