ཤར་པ་གོན་ཅུང་འདི་ སྤུ་ན་ཁ་ལུ་ འོང་འབབ་གི་གཞི་ཅིག་ལུ་འགྱུར་ཏེ་ཡོདཔ།
སྤྱི་ཟླ་༥ པའི་ཚེས་ ༣༠ ༢༠༡༩
༉ སྤུ་ན་ཁ་ འཛོམས་མི་རྒེད་འོག་ མེ་མདའ་སྒང་སྤྱི་འོག་གི་ མི་སེར་སོ་ནམ་པ་ཚུ་གིས་ ད་རེས་ནངས་པ་ ཡོངས་གྲགས་ལུ་ ཤར་སྦི་གོན་ཅུ་ཟེར་མི་འདི་བཙོང་སྟེ་སྦེ་ འོང་འབབ་བཟོ་བའི་བསྒང་རང་འདུག
གཡུས་འདི་ནང་གི་མི་ཚུ་གིས་ གོན་འདི་ཡང་ རང་ཟླ་༡༢ པའི་ནང་ལུ་བཙུགས་ཏེ་ རང་ཟླ་༣ པ་དང་༤ དེ་ཅིག་ནང་ལས་ བཙོང་ནི་འགོ་བཙུགས་དོ་ཡོདཔ་ད་ མི་ཚུ་གིས་སླབ་མི་ནང་ གོན་གྱི་ལཱ་འདི་ དཀའཝ་དེ་ཅིག་རང་སྤྱད་དེ་ ལཱ་འབད་མ་དགོ་པའི་ཁར་ ཚོང་འབྲེལ་འདི་ ཁེབ་ས་ལེགས་ཤོམ་སྦེ་བཟོ་ཚུགས་པས་ཟེར་ཨིན་མས།
ཤར་པའི་གོན་ཅུང་ཚུ་ཡང་ ཨ་རིང་ནང་ལུ་ བྱཱ་ལཱ་འབད་ནི་འགོ་མ་བཙུགས་པའི་ཧེ་མ་ལས་ བཙོང་ནི་གི་རྩིས་རྐྱབ་སྟེ་ སྤུ་ན་ཁ་ ཁུ་རུ་ཐང་ཁྲོམ་ཁ་དང་ དབང་འདུས་ཕོ་བྲང་ བ་ཇོ་ཁྲོམ་ཁ་ལུ་འབག་སྟེ་ བཙོངམ་ཨིན་མས།
གོན་འདི་ འགོ་དང་པ་ཁྲོམ་ཁ་ལུ་ཐོན་པའི་སྐབས་ ཀེ་ཇི་རེ་ལུ་ གོང་ཚད་དངུལ་ཀྲམ་༢༠༠ དེ་རེ་ཐོབ་དོ་ཡོད་རུང་ ད་རེས་ གོན་བཙོང་མི་ མང་སུ་ཅིག་སྦེ་འོང་དོ་ཡོདཔ་ལས་ གོང་ཚད་དངུལ་ཀྲམ་༥༠ དེ་ཅིག་གུ་ལུ་ ལྷོད་དེ་སྦེ་འདུག
མེ་མདའ་སྒང་སྤྱི་འོག་ནང་ལུ་ ཁྱིམ་གུང་༦༠ ལྷགཔ་ཅིག་ཡོདཔ་ད་ ཡུདཔ་ཅིག་ གཡུས་ཁའི་མི་ག་ར་གིས་རང་ གོན་བཙུགས་ཏེ་སྦེ་ ཚོང་འབྲེལ་འཐབ་དོ་ཡོདཔ་ཨིན་མས།







རྒྱང་བསྒྲགས་དང་མཐུད་འབྲེལ།