གཟའ་ཉི་མ། ༢༠༡༩ ཟླ་༡༡ པའི་སྤྱི་ཚེས་༡༦

སྐྱེས་ལོ་༡༩་མན་ཆད་ཀྱི་ སྒྲོ་རིལ་འགྲན་བསྡུར་འགོ་འདྲེན་འཐབ་ཡོདཔ།

སྤྱི་ཟླ་༢ པའི་ཚེས་ ༨ ༢༠༡༩

༉ ཕུན་ཚོགས་གླིང་ལུ་ སྒྲིང་ཁྱམ་ནང་ན་སྦེ་ རྩེད་རིགས་སྣ་ཚོགས་རྩེ་ནི་གི་ ས་གོ་གསརཔ་རྐྱབ་མི་ལས་བརྟེན་ཏེ་ རྩེད་རིགས་ཚུ་ གོང་འཕེལ་བཏང་ནི་ནང་ ལྷན་ཐབས་བྱུང་སྟེ་སྦེ་འདུག

ན་ཧིང་ སྤྱི་ཟླ་༡༢་པའི་ནང་ལུ་ འགོ་འབྱེད་འབད་ཡོད་པའི་ སྒྲིང་ཁྱིམ་འདི་ནང་ལུ་ ད་ལྟོ་ཚུན་ཚོད་ རྩེད་འགྲན་ཁག་ལེ་ཤ་ཅིག་རང་ འགོ་འདྲེན་འཐབ་ཡོདཔ་མ་ཚད་ འཕྲལ་ཁམས་ཅིག་ཁར་ རྒྱལ་སྤྱིའི་ཊེ་བྷལ་ཊེ་ནིསི་གི་ རྩེད་འགྲན་ལས་རིམ་ཅིག་ཡང་ འགོ་འདྲེན་འཐབ་ནུག

འདི་འབདཝ་ལས་ རྩེད་འགྲན་འདི་ནང་ལུ་ བཅའ་མར་གཏོགས་མི་ གཞོནམ་ཚུ་གིས་སླབ་མི་ནང་ མཐུན་རྐྱེན་འདི་ཡང་ ཁོང་ཆ་ཁྱབ་ཀྱི་དོན་ལས་ བློ་སྟོབས་ཅན་དང་ རྩེད་རིག་གོང་འཕེལ་བཏང་སའི་ གོ་སྐབས་ཅིག་ཨིནམ་སྦེ་བཤད་ཅི།

འདི་བཟུམ་སྦེ་ སྒྲིང་ཁྱིམ་འདི་ནང་ལུ་ གཟའ་མིག་དམར་གྱི་ཚེས་ལས་ སྐྱེ་ལོ་༡༩་མན་ཆད་ཀྱི་ རྒྱལ་ཡོངས་བེཊ་མེཎ་ཊཱོན་གྱི་འགྲན་བསྡུར་ཅིག་ཡང་ འགོ་འདྲེན་འཐབ་སྟེ་ཡོདཔ་ཨིན།

ད་རེས་འགོ་དང་པ་ འགོ་འདྲེན་འཐབ་མི་ རྒྱལ་ཡོངས་ བེཊ་མེཎ་ཊཱོན་གྱི་ རྩེད་འགྲན་འདི་ནང་ལུ་ ཐིམ་ཕུག་དང་བསམ་གྲུབ་ལྗོངས་མཁར་ དེ་ལས་ དགེ་ལེགས་ཕུག་དང་ ཕུན་ཚོགས་གླིང་གི་ ས་གནས་ཚུ་ནང་ལས་ མི་༣༠གིས་ གྲལ་ཁར་གཏོགས་ནུག

འགྲན་བསྡུར་འདི་ནང་ལུ་ བཅའ་མར་གཏོགས་མི་ཚུ་གིས་ རྩེད་འགྲན་གྱི་དབྱེ་ཁག་༤་གི་ནང་ལུ་ གྲལ་ཁར་གཏོགས་ཡོདཔ་ཨིན་མས།

ད་རིས་ མཐའ་དཔྱད་རྩེད་འགྲན་འབད་མི་འབྲལ་ རྒྱལ་ཁ་ཐོབ་མི་ཚུ་ལུ་ ལག་ཁྱེར་དང་གཅིག་ཁར་ དངུལ་ཀྱང་གི་གསོལ་རས་ཚུ་ བྱིན་ཡོདཔ་ཨིན་མས།