ནང་འཁོད་གནམ་གྲུའི་ཞབས་ཏོག་འདི་ ལོག་འགོ་བཙུག་སྟེ་ཡོདཔ།
སྤྱི་ཟླ་༡ པའི་ཚེས་ ༣༡ ༢༠༡༨༉ འབྲུག་མཁའ་འགྲུལ་གྱིས་ ནང་འཁོད་གནམ་གྲུའི་ཞབས་ཏོག་འདི་ དངས་བཞག་ གཟའ་མིག་དམར་ལས་ བཤོལ་བཞག་པའི་ཤུལ་ ཁ་ཙ་ལས་ ལོག་སྟེ་རང་ འགོ་བཙུགས་ཏེ་འདུག
འདི་ཡང་ གནམ་གྲུ་གི་འཕྲུལ་ཆས་གཅིག་གི་ནང་ལུ་ ཡན་ལག་ཅ་ཆས་བཞི་ ཚབ་བཙུགས་པའི་ཤུལ་ལུ་ ཨིན་མས།
གནམ་གྲུ་འདི་བཟོ་བསྐྲུན་འབད་དེ་ ལོ་༡༥་དེ་ཅིག་སོང་ཡོདཔ་ལས་ འགོ་དཔོན་ཚུ་གིས་བཀོད་མི་ནང་ གནམ་གྲུ་འདི་ནང་ འཕྲུལ་ཆས་དང་འབྲེལ་བའི་ དཀའ་ངལ་ཚུ་ཐོན་སྲིད་ནི་གི་ཉེན་ཁ་འདི་ སྦོམ་སྦེ་རང་ཡོད་ཟེར་བཤད་ཅི།
གནམ་གྲུ་འདི་ནང་ལུ་ དུས་ཅི་ སྤྱི་ཟླ་༣་པ་མཇུག་བསྡུ་རནམ་ཅིག་ཁར་ འཕྲུལ་ཨམ་༢་པ་འདི་ བཙུགས་མི་དང་འབྲེལ་ གནམ་གྲུ་འདི་ཡང་ ཉིནམ་༢་ཀྱི་རིང་ འཕུར་འགྲུལ་མ་འབད་བར་ བཞག་ནི་སྦེ་འདུག
འདི་འབདཝ་ལས་ འདི་གི་ཤུལ་ལས་འབད་བ་ཅིན་ ནང་འཁོད་གནམ་འགྲུལ་འཕུར་འགྲུལ་གྱི་ ཞབས་ཏོག་འདི་ སང་ཕོད་ཚུན་ཚོད་ བཤོལ་བཞག་དགོཔ་ མི་འཐོན་ཟེར་བཤད་ཅི།








རྒྱང་བསྒྲགས་དང་མཐུད་འབྲེལ།