གཟའ་ཉི་མ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༦

སང་ཕོད་ཀྱི་ལོ་འདི་ནང་ ད་རེས་ཡོད་པའི་ གནམ་གྲུ་༢ཀྱི་ཚབ་བཙུགས་ནི།

སྤྱི་ཟླ་༩ པའི་ཚེས་ ༢༩ ༢༠༡༧

༉ སང་ཕོད་ ལོ་བར་ཁམས་ཅིག་ལས་ བཀྲིས་མཁའ་འགྲུལ་གྱིས་ ད་རེས་ཡོད་པའི་ གནམ་གྲུ་གཉིསཔོ་འདི་ སོར་ནི་ཨིན་མས།

འདི་གི་དོན་ལས་ འཛམ་གླིང་ནང་ལུ་ གནམ་གྲུ་གླ་ཁར་བཏང་མི་གི་ ལས་སྡེ་ཅིག་ཨིན་མི་ ཨེ་ཡར་ཀེབ་དང་ཅིག་ཁར་བཀྲིས་མཁའ་འགྲུལ་གྱིས་ ཁ་ཙ་ གནམ་གྲུ་གླ་ཁར་ལེན་ནི་གི་འགན་རྒྱ་གུ་ལུ་ མཚན་རྟགས་བཀོད་ཅི།

བཀྲིས་མཁའ་འགྲུལ་གྱིས་ གནམ་གྲུ་འདི་ ལོ་བཞི་གི་དོན་ལས་ གླ་ཁར་ལེན་ནི་ཨིནམ་ད་ གནམ་གྲུ་གཉིསཔོ་འདི་ཡང་ སང་ཕོད་སྤྱི་ཟླ་༦པ་དང་༧པའི་བར་ན་ ལྷོད་ནི་ཨིན་མས།

གནམ་གྲུ་གླ་ཁར་ལེན་ནི་སྦེ་ཡོད་མི་ཨེ༡༣༩རེ་རེ་ནང་ལུ་ འགྲུལ་པ་༡༢༠རེ་ཤོང་ནི་ཨིན་མས།

 ཨེ་ཡར་ཀེབ་ལས་སྡེ་གི་གཙོ་འཛིན་འོགམ་ པི་ཀྲར་ཨེན་དྲིར་སོན་གྱིས་སླབ་མི་ནང་ གནམ་གྲུ་འདི་ཡུ་ཨེས་ལུ་ཡོད་པའི་ ཕོཎ་ཊིཡར་མཁའ་འགྲུལ་ལུ་ གསརཔ་སྦེ་རང་སྤྲོད་པའི་ཤུལ་ ཡུ་ཨེས་ཀྱི་མཐའ་སྐོར་ལུ་ ལོ་༨་གི་རིང་ལུ་མ་གཏོགས་ འཕུར་འགྲུལ་མ་འབད་བར་ཡོད་ཟེར་བཤད་ཅི།

 བཀྲིས་མཁའ་འགྲུལ་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ ཕ་ལ་རྡོ་རྗེ་གིས་སླབ་མི་ནང་ ད་ལྟོ་ཡོད་པའི་གནམ་གྲུ་གཉིསཔ་འདི་ སང་ཕོད་ གླ་ཁར་ལེན་པའི་དུས་ཚོད་ མ་ཚང་ཚུན་ཚོད་ཀྱི་རིང་ལུ་ ལེགས་ཤོམ་སྦེ་ རྒྱུན་སྐྱོང་འཐབ་ནི་ཟེར་བཤད་ཅི།

བཀྲིས་མཁའ་འགྲུལ་གྱིས་ རྒྱལ་སྤྱིའི་ནང་ལུ་ འགོ་དང་པ་ར་ སྤྱི་ལོ་༢༠༡༠་པའི་ སྤྱི་ཟླ་བཅུ་པའི་ནང་ སྤ་རོ་ལས་ བེང་ཀོག་ལུ་ འཕུར་འགྲུལ་འབད་ཡོདཔ་ཨིན།

ད་རེས་ མཁའ་འགྲུལ་ལས་སྡེ་འདི་གིས་ རྒྱལ་སྤྱིའི་ ས་གནས་ཁག་ ༤་གི་ནང་ལུ་ འཕུར་འགྲུལ་འབད་དོ་ཡོདཔ་ཨིན།