གཟའ་མིག་དམར། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༨

འབྲུག་པའི་སྡེ་ཚན་གྱིས་ དྲང་བདེན་གྱི་ཐོག་ལས་ རྩེད་ཡོད་པའི་ ངོས་འཛིན་ཐོབ་ཡོདཔ།

སྤྱི་ཟླ་༩ པའི་ཚེས་ ༢༨ ༢༠༡༧

༉ དུས་ཅི་གི་ ལྷོ་ཨེ་ཤི་ཡན་རྐང་རྩེད་ཚོགས་པའི་ སྐྱེས་ལོ་༡༨དམན་ཆད་ཀྱི་ རྐང་རྩེད་འགྲན་བསྡུར་ནང་ལས་ སྦལ་བུ་གི་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཅི།

འབྲུག་པའི་སྡེ་ཚན་གྱིས་ འགྲན་བསྡུར་འདི་ནང་ལས་ རྒྱལ་ཁ་ཐོབ་མ་ཚུགས་རུང་ རྩེད་འགྲན་འདི་ དྲང་བདེན་གྱི་ཐོག་ལས་ རྩེད་དེ་ཡོད་པའི་ ངོས་འཛིན་གྱི་གསོལ་རས་ ཐོབ་སྟེ་ཡོདཔ་ཨིན།

འགྲན་བསྡུར་འདི་ནང་ལས་ ཨང་གཉིས་པ་འདི་ བང་ལ་དེཤ་དང་ ཨང་གསུམ་པ་འདི་ རྒྱ་གར་ དེ་ལས་ འབྲུག་པའི་སྡེ་ཚན་གྱིས་ ཨང་བཞི་པ་ཐོན་ཡི།

ད་རེས་ཟླཝ་གི་སྤྱི་ཚེས་༡༨་ལས་འགོ་འདྲེན་འཐབ་ནི་འགོ་བཙུགས་ཏེ་ཡོད་མི་ ལྷོ་ཨེ་ཤི་ཡན་རྐང་རྩེད་ཚོགས་པའི་ སྐྱེས་ལོ་༡༨་མན་ཆད་ཀྱི་རྐང་རྩེད་འགྲན་བསྡུར་འདི་ཡང་ ཐིམ་ཕུག་ ལྕང་གླིང་མའི་ཐང་ནང་ལུ་སྦེ་ འགོ་འདྲེན་འཐབ་ཡོདཔ་ཨིན།

འགྲན་བསྡུར་འདི་ནང་ལུ་ འབྲུག་དང་རྒྱ་གར་ སྦལ་བུ་དང་མཱལ་དེབ་སི་ དེ་ལས་ བང་ལ་དེཤ་གི་རྒྱལ་ཁབ་ཚུ་གིས་ དོ་འགྲན་འབད་ཡི།

ལྷོ་ཨེ་ཤི་ཡན་རྐང་རྩེད་ཚོགས་པའི་ སྐྱེས་ལོ་༡༨་མན་ཆད་ཀྱི་ ཤུལ་མའི་རྐང་རྩེད་འགྲན་བསྡུར་འདི་ ད་ལས་ཕར་ ལོ་གཉིས་ཀྱི་ཤུལ་ལས་ འགོ་འདྲེན་འཐབ་ནི་ཨིན་མས།