གཟའ་མིག་དམར། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༣

བསམ་རྩེ་ལུ་ འབྲུག་སོ་ནམ་དང་ཟ་ཆས་ཁྲིམས་དོན་དབང་འཛིན་གྱིས་ ཚོང་ཆས་མེདཔ་བཏང་ཡོདཔ།

སྤྱི་ཟླ་༨ པའི་ཚེས་ ༣༡ ༢༠༡༧

 

༉ བསམ་རྩེ་ལུ་ འབྲུག་སོ་ནམ་དང་ཟ་ཆས་ཁྲིམས་དོན་དབང་འཛིན་གྱིས་ དངུལ་ཀྲམ་སྟོང་ཕྲག་༦༥ལྷགཔ་ཅིག་གནས་པའི་ ཚོང་ཆས་ཚུ་ མེདཔ་བཏང་ཡོདཔ་ཨིན།

ཚོང་ཆས་ཚུ་ཡང་ འདས་པའི་བདུན་ཕྲག་ནང་ བསམ་རྩེ་ཁྲོམ་གྱི་ ཚོང་ཁང་༤༥གི་ནང་ལས་ དུས་ཚོད་ཚང་ཡོད་མི་ འཕྱོག་བཟུང་འབད་དེ་ཡོད་མི་ཚུ་ཨིན་མས།

དུས་ཚོད་ཚང་ཡོད་པའི་ ཚོང་ཆས་བཞག་སྟེ་ཡོད་མི་ ཚོང་པ་ཚུ་ལུ་ འཕྱོག་བཟུང་འབད་དེ་ཡོད་པའི་ ཚོང་ཆས་ཚུ་གི་ གོང་ཚད་དང་བསྟུན་པའི་ ཉེས་བྱ་ཚུ་ཡང་སྐྱེལ་ནུག