གཟའ་མིག་དམར། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༣

ཨམ་སྲུ་སྡེ་ཚན་གཅིག་ལུ་ ཆུ་ཤོག་དང་འབྲེལ་བའི་ ཕྱགས་སྙིགས་ཚུ་ལས་བརྟེན་ ཐོན་སྐྱེད་བཟོ་ནི་གི་ སྦྱོང་བརྡར།

སྤྱི་ཟླ་༧ པའི་ཚེས་ ༣༡ ༢༠༡༧

༉ ཏ་ར་ཡ་ན་གཞི་ཚོགས་ཀྱིས་ ཨམ་སྲུ་སྡེ་ཚན་གཅིག་ལུ་ ཆུ་ཤོག་དང་འབྲེལ་བའི་ ཕྱགས་སྙིགས་ཚུ་ལས་བརྟེན་ ཐོན་སྐྱེད་ཚུ་བཟོ་ནི་གི་ སྦྱོང་བརྡར་བྱིན་དོ་ཡོདཔ་ཨིན།

སྦྱོང་བརྡར་འདི་གི་ཐོག་ལས་ ཁོང་ཆ་ཁྱབ་ དངུལ་འབྲེལ་གྱི་ཐད་ཁར་ རང་མགོ་རང་འདྲོང་སྦེ་ སྡོད་ཚུགསཔ་བཟོ་ནི་ལུ་ ལྷན་ཐབས་འབྱུང་པའི་ རེ་བ་ཡོདཔ་ཨིན་མས།

སྦྱོང་བརྡར་འདི་ནང་ལུ་ བཅའ་མར་གཏོགས་མི་ཚུ་གི་གྲལ་ལས་ གཅིག་ སྐྱེས་ལོ་༤༤ལང་མི་ བདེ་ཆེན་ཆོས་སྒྲོན་ཨིནམ་ད་ མོ་གིས་ད་རེས་ སྦྱོང་བརྡར་འདི་ནང་ བཅའ་མར་གཏོགས་མི་འདི་ ཐེངས་༢པ་ཨིན་མས།

མོ་གིས་སླབ་མི་ནང་ སྦྱོང་བརྡར་འདི་ལས་བརྟེན་ མོ་ལུ་ ལཱ་གཡོག་གི་གོ་སྐབས་ཐོབ་ནི་ནང་ ཕན་ཐོག་བྱུང་སྟེ་ཡོད་ཟེར་བཤད་ཅི།

བདེ་ཆེན་བཟུམ་འབད་ར་ སྦྱོང་བརྡར་འདི་གིས་ གཞན་མི་ཨམ་སྲུ་ཚུ་ལུ་ཡང་ ཕྱགས་སྙིགས་ ལོག་ལག་ལེན་འཐབ་ཏེ་བཟོ་ཡོད་པའི་ ཐོན་སྐྱེད་ ཇོ་ལ་དང་གདན་འདི་ཚུ་བཙོང་སྟེ་ འོང་འབབ་བཟོ་ནི་ལུ་ ཕན་ཐོག་བྱུང་སྟེ་ཡོདཔ་ཨིན།

ཏ་ར་ཡ་ན་གཞི་ཚོགས་ཀྱིས་བཀོད་མི་ནང་ སྦྱོང་བརྡར་འདི་གིས་ ཨམ་སྲུ་ཚུ་གི་ལྕོགས་གྲུབ་ གོང་འཕེལ་བཏང་ནི་རྐྱངམ་ཅིག་མེན་པར་ ཕྱགས་སྙིགས་འདི་ཚུ་ ལོག་ལག་ལེན་འཐབ་ནི་དང་ བསྐྱར་བཟོ་འབད་ནི་གི་ ཐབས་ལམ་ཚུ་བཏོན་ནི་ནང་ ལྷན་ཐབས་བྱུང་འོང་ཟེར་ཨིན་མས།

སྦྱོང་བརྡར་འདི་ཡང་ ཨེ་ཤི་ཡན་གོང་འཕེལ་དངུལ་ཁང་ལས་འགུལ་གྱི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ ཕི་ལིཔ་པིནསི་ལས་ མཁས་པ་ཚུ་གིས་ བྱིན་དོ་ཡོདཔ་ཨིན།