གཟའ་མིག་དམར། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༣

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་འཛིན་གཞུང་སྐྱོང་དང་ཐབས་རིག་སྤེལ་ཁང་ནང་ལུ་ འགོ་འཁྲིད་པའི་ལས་རིམ་ནང་ བཅའ་མར་གཏོགས་མི་ཚུ་ལུ་ མཇལ་འཕྲད་གནང་ཡོདཔ།

སྤྱི་ཟླ་༦ པའི་ཚེས་ ༢༩ ༢༠༡༧

༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཕུན་ཚོགས་གླིང་ལུ་ཡོད་པའི་ རྒྱལ་འཛིན་གཞུང་སྐྱོང་དང་ཐབས་རིག་སྤེལ་ཁང་ནང་ལུ་སྦེ་ གཞི་བརྟེན་འགོ་འཁྲིད་པའི་ལས་རིམ་འདི་ནང་ བཅའ་མར་གཏོགས་མི་ཚུ་ལུ་ མཇལ་འཕྲད་གནང་ནུག

ལས་རིམ་འདི་ཡང་ མཁས་རིག་གི་ལཱ་འབད་མི་ གཞོནམ་ཚུ་གི་དོན་ལས་ཨིན་མི་ ལས་རིམ་གསརཔ་ཅིག་ཨིནམ་དང་ ལས་རིམ་འདི་ གཙོ་བོ་ར་ མ་འོངས་པའི་འགོ་འཁྲིདཔ་ལེགས་ཤོམ་བྱུང་ནི་ལུ་ མཁས་རིག་གི་གོམས་འདྲིས་བྱིན་ནི་དང་ རིག་རྩལ་གོང་འཕེལ་བཏང་ནི་ དེ་ལས་ སེམས་ཀྱི་གཞི་བརྟེན་ཚུ་ འགྱུར་བཅོས་འབད་ནི་གི་དོན་ལས་ཨིན་མས།

འདི་བཟུམ་སྦེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཅ་ཆས་སྐྱེལ་ལེན་གྱི་ས་སྒོ་ཆུང་བ་ཅིག་བཟོ་སྟེ་ཡོད་མི་དང་ རྒྱ་གར་ལས་སྦེ་ ཕུན་ཚོགས་གླིང་ལུ་འཛུལ་ནི་གི་ འཛུལ་སྒོ་གཉིས་པའི་ ས་སྒོ་ནང་ལུ་ཡང་ གཟིགས་བསྐོར་གནང་ནུག

ད་རུང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་ཡོངས་ཁྱིམ་བཟོ་གོང་འཕེལ་གྱི་ སྡོད་ཁྱིམ་ས་སྒོ་ནང་ལུ་ གཟིགས་བསྐོར་གནང་ནུག