གཟའ་སྤེན་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༠

རྡུང་རྫོབ་ཀྱི་ཉེས་འཛུགས་ལས་བརྟེན་ཏེ་ སློབ་ཕྲུག་༣་དོ་དམ་འོག་ལུ་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༣༡ ༢༠༡༧

༉ གཞལ་སྒང་སློབ་གྲྭ་ལྟེ་བའི་ སློབ་རིམ་༡༡་པའི་སློབ་ཕྲུག་བུཚ་༣་གྱིས་ གཟའ་ཟླཝ་གི་ཚེ་ སློབ་རིམ་ཆུང་བའི་སློབ་ཕྲུག་སྡེ་ཚན་གཅིག་ལུ་ རྡུང་རྫོབ་འབད་ཡོདཔ་སྦེ་ཨིན་མི་ལུ་བརྟེན་ ཁྲིམས་སྲུང་འགག་པའི་དོ་དམ་འོག་ལུ་ཡོདཔ་ཨིན་མས།

གནས་ཚུལ་བྱུང་ས་དང་འཁྲིལཔ་ད་ སློབ་ཕྲུག་༣་གི་གྲལ་ལས་ ཁོང་གཉིས་འདི་ ཆང་འཐུང་སྟེ་འདུག་ཟེར་ཨིན་མས།

འཐབ་རྫིང་འདི་ཡང་ བུཚ་ཚུ་གི་ཉལ་ཁྱིམ་ནང་ལུ་ ཁ་གཤག་བརྐྱབ་པའི་ཤུལ་ལས་ བྱུང་ཡོདཔ་སྦེ་ཨིན་མས།

སློབ་ཕྲུག་གཅིག་གི་ རྣམ་ལྕོ་གུ་གནོད་པ་བྱུང་ཡོདཔ་མ་གཏོགས་ གཞན་མི་སློབ་ཕྲུག་ཚུ་ལུ་ གནོད་སྐྱོན་སྦོམ་ཅིག་ ག་ནི་ཡང་མ་བྱུངམ་ཨིན་མས།