གཟའ་པ་སངས། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༤

བཙན་ཀ་རི་ཁྲོམ་ཁ་ལུ་ མེ་རྐྱེན་ལས་བརྟེན་ ཉམས་རྒུད་བྱུང་མི་ཚུ་གི་གནས་སྟངས་ ལེགས་ཤོམ་འགྱོ་ཡོདཔ།

སྤྱི་ཟླ་༤ པའི་ཚེས་ ༣༠ ༢༠༡༧

༉ པདྨ་དགའ་ཚལ་ ངང་ལམ་གྱི་ བཙན་ཀ་རི་ཁྲོམ་ཁ་ལུ་ མེ་རྐྱེན་བྱུང་སྟེ་སྦེ་ ཟླཝ་ལྷགཔ་ཅིག་འགྱོ་བའི་ཤུལ་མ་ འདི་ནང་གི་གནས་སྟངས་ཚུ་ ཨ་རྟག་ག་ཨིནམ་སྦེ་འགྱུར་དོ་ཡོདཔ་ཨིན་མས།

འདི་ཡང་ མི་ག་ར་གིས་ རྒྱབ་སྐྱོར་མ་འདྲཝ་ཚུ་འབད་དེ་ ཁོང་ཉམས་རྒུད་བྱུང་མི་ མང་ཤོས་ཅིག་གིས་ སྡོད་ཁྱིམ་ཚུ་ ལོག་བརྐྱབ་ནི་ འགོ་བཙུགས་ཏེ་ཡོད་མུ་ལུ་བརྟེན་ཏེ་ཨིན་མས།

མེ་རྐྱེན་བྱུང་པའི་ཤུལ་མ་ ཁོང་ཉམས་རྒུད་བྱུང་མི་ ཚོང་པ་ག་ར་ལུ་ གནས་སྐབས་ཀྱི་སྡོད་ས་ཚུ་ ཐོབ་ཡོདཔ་ཨིན་མས།

ཁོང་ལ་ལོ་ཅིག་གིས་ ཚོང་ལཱ་ཚུ་འགོ་བཙུགས་ཏེ་ཡོདཔ་དང་ ལ་ལོ་ཅིག་གིས་ ཚོང་ལཱ་ ལོག་སྟེ་འགོ་བཙུགས་ནི་གི་ ལཱ་ཚུ་འབད་བའི་བསྒང་ར་འདུག

འདས་པའི་ཟླཝ་ནང་ མེ་རྐྱེན་འདི་ལས་བརྟེན་ཏེ་ ཚོང་པ་ཚུ་གིས་ ཅ་ལ་ག་ནི་ཡང་བཏོན་མ་ཚུགསཔ་ཨིན་མས།

ཉམས་རྒུད་བྱུང་མི་ཚུ་གིས་སླབ་མི་ནང་ མེ་རྐྱེན་འདི་བྱུང་པའི་ཤུལ་ལས་ ག་ནི་ཡང་འབད་ཐབས་མེད་པར་ ཧམ་ཐལ་ཐལ་སྦེ་སྡོད་པའི་སྐབས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ས་གནས་འདི་ནང་ ཞབས་བཅག་གནང་སྟེ་ སྐྱིད་སྡུག་གནང་མི་ལུ་བརྟེན་ ད་རེས་ གནས་སྟངས་འདི་ ལེགས་ཤོམ་འགྱོ་སྟེ་ཡི་ཟེར་བཤད་ཅི།

མེ་རྐྱེན་འདི་བྱུང་པའི་སྐབས་ལུ་ ཚོང་ཁང་ཚུ་རྐྱངམ་ཅིག་གི་མ་དོ་བར་ གཞན་མི་སྡོད་ཁྱིམ་༥དང་ སྣུམ་འཁོར་གཉིས་ཡང་ འཚིགས་ཡོདཔ་ཨིན།

བཙན་ཀ་རི་ཁྲོམ་འདི་ ངང་ལམ་ཁྲོམ་ཁར་ལས་ པདྨ་དགའ་ཚལ་ཁ་ཐུག་ལུ་ ཀི་ལོ་མི་ཀྲར་༤དེ་ཅིག་གི་ས་ཁར་ ཆགས་ཏེ་ཡོདཔ་ཨིན།