གཟའ་པ་སངས། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༩

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཀེམཔ་རེ་ཝེན་ཟེར་མི་ལས་རིམ་ མཇུག་བསྡུ་བའི་ རྟེན་འབྲེལ་ ནང་ལུ་ དབུ་བཞུགས་མཛད་གནང་ཡོདཔ།

སྤྱི་ཟླ་༡༢ པའི་ཚེས་ ༣༠ ༢༠༡༤

His-Majesty-graces-Camp-Raven’s-closing-ceremony-༉ ད་རིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཀེམཔ་རེ་ཝེན་ཟེར་མི་ལས་རིམ་འདི་ མཇུག་བསྡུ་བའི་ རྟེན་འབྲེལ་འདི་ནང་ལུ་ དབུ་བཞུགས་མཛད་གནང་སྟེ་སྦེ་ ལས་རིམ་འདི་ནང་བཅའ་མར་གཏོགས་མི་ སློབ་ཕྲུག་༦༠༠དེ་ཅིག་ལུ་ མཇལ་འཕྲད་གནང་ནུག

སྤྱི་ཟླ་འདི་གི་ སྤྱི་ཚེས་༡༨ལས་འགོ་བཙུགས་མི་ ལས་རིམ་འདི་ ད་རིས་མཇུག་བསྡུ་ཡོདཔ་ཨིན།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་ཁབ་ནང་འཁོད་ཀྱི་ ས་གནས་ཁག་ཚུ་ནང་ལུ་ གཟིགས་བསྐོར་གནང་པའི་སྐབས་ མི་ལེ་ཤ་ཅིག་དང་ཅིག་ཁར་ ཕྱད་གནང་མི་གི་སྐོར་ལས་ ལོ་རྒྱུས་ཚུ་གསུང་གནངམ་མ་ཚད་ སློབ་གྲྭ་དང་ ཤེས་ཡོན་སྦྱང་ནི་འདི་ ཁག་ཆེ་བའི་ཁར་ གྲུབ་འབྲས་ལེགས་ཤོམ་བཏོན་ནི་འདི་ མི་ཚེ་ཅིག་གི་ རེ་འདོད་ཅིག་ཨིནམ་སྦེ་གསུང་གནང་ནུག

ལས་རིམ་གྱི་སྐབས་ལུ་ སློབ་ཕྲུག་༦༡༡གིས་ ཁས་བླང་པ་སོ་སོ་ཚུ་ལས་ གསལ་བཤད་ཚུ་ཉན་ཡོདཔ་མ་ཚད་ ལག་བཟོ་དང་ འཆམ་དང་ཞབས་ཁྲ་ དེ་ལས་ པར་བཏབ་ནི་དང་ གློག་བརྙན་བཟོ་ནི་ལ་སོགས་པའི་ རིག་རྩལ་མ་འདྲཝ་ཚུ་ལྷབ་ཡོདཔ་མ་ཚད་ རྩེད་རིགས་མ་འདྲཝ་ཚུ་ནང་ཡང་ བཅའ་མར་གཏོགས་ནུག

ལས་རིམ་འདི་ནང་ལུ་ ཐའི་ལེན་དང་ ཕཱ་རནསི་ལས་ ཁས་བླང་པ་ཚུ་གིས་ཡང་ བཅའ་མར་གཏོགས་ནུག

ཀེམཔ་རེ་ཝེན་ཟེར་མི་ ལས་རིམ་འདི་ཡང་ ཐིམ་ཕུག་ལུ་སྡོད་མི་ དམག་སྡེའི་མི་ངོམ་ཚུ་གི་ ཨ་ལོ་ཚུ་ལུ་ གནམ་དགུན་གྱི་དུས་ཚོད་འདི་ དོན་དག་ཡོདཔ་སྦེ་ ལག་ལེན་འཐབ་ནི་གི་ གོ་སྐབས་གནང་ཐབས་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ལོ་༢༠༡༢ལས་ གཞི་བཙུགས་མཛད་གནང་ནུག

ཀེམཔ་རེ་ཝེན་འདི་རྐྱངམ་ཅིག་གིས་ མ་དོ་བར་ ཨིས་ཀའུཀྲ་གི་འཐུས་མི་ཚུ་དང་ གཞན་རྒྱལ་ཁབ་ནང་གི་ ཨ་ལོ་ཚུ་གི་དོན་ལས་ ལས་རིམ་ཁག་ལེ་ཤ་ཅིག་ར་ འགོ་འདྲེན་འཐབ་ཡོདཔ་ཨིན།

འདི་ཚུ་ཡང་ རྒྱལ་པོ་ཞིང་ལུ་སྦེ་ འགོ་འདྲེན་འཐབ་མི་ བུམོ་ཚུ་གི་ གནམ་དགུན་ ན་གཞོན་འབྲེལ་གཏོགས་ཀྱི་ལས་རིམ་དང་ དབང་འདུས་ཕོ་བྲང་ བསྟན་ཆོས་གླིང་ལུ་སྦེ་ འགོ་འདྲེན་འཐབ་མི་ ཨིས་ཀའུཀྲ་ འགོ་འཁྲིདཔ་གི་ སྦྱོང་བརྡར་ལས་རིམ་ཚུ་ཨིན་མས།