གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༤

འབྲུག་པའི་རྒྱལ་སྤྱི་གངས་ལྗོངས་གོང་འཕེལ་ལྟེ་བའི་ མཉམ་འབྲེལ་པ་ཚུ་གིས་ གྲུབ་བཏོན་ཏེ་ཡོདཔ།

སྤྱི་ཟླ་༡༡ པའི་ཚེས་ ༢༢ ༢༠༡༦

icimodconsultativemeeting༉ འབྲུག་ལུ་ཡོད་མི་ རྒྱལ་སྤྱི་གངས་ལྗོངས་གོང་འཕེལ་ལྟེ་བའི་ མཉམ་འབྲེལ་པ་ཚུ་གིས་ ད་ལྟོ་ཚུན་ཚད་ ལས་འགུལ་ཚུ་ ལེགས་ཤོམ་སྦེ་རང་ གྲུབ་སྟེ་ཡོདཔ་སྦེ་ཨིན་མས།

འདི་ཡང་ ཁ་ཙ་ ཐིམ་ཕུག་ལུ་སྦེ་ གྲོས་བསྟུན་ཞལ་འཛོས་ཅིག་ཚོགས་པའི་སྐབས་ལུ་ གསལ་སྟོན་བྱུང་སྟེ་ཡོདཔ་ཨིན།

འབྲུག་ལུ་ཡོད་མི་ རྒྱལ་སྤྱི་གངས་ལྗོངས་གོང་འཕེལ་ལྟེ་བའི་མཉམ་འབྲེལ་པ་ཚུ་ཡང་ གཞུང་མ་རྩིས་བར་ ཤེས་ཡོན་གཙུག་སྡེ་དང་ ཞིབ་འཚོལ་སྤེལ་ཁང་ དེ་ལས་ གཙག་ལག་སློབ་སྡེ་དང་ གཞུང་མིན་ལས་ཚོགས་ཚུ་ཨིན་མས།

རྒྱལ་སྤྱི་གངས་ལྗོངས་གོང་འཕེལ་ལྟེ་བའི་འགོ་དཔོན་ ཨིཀ་ལབ་བི་ཡ་ཤར་མ་གིས་སླབ་མི་ནང་ འབྲུག་པའི་མཉམ་འབྲེལ་པ་ཚུ་གིས་ ད་རེས་ ལཱ་ལེགས་ཤོམ་སྦེ་རང་ འབད་དེ་ཡོད་རུང་ ལས་རིམ་གསརཔ་ཚུ་ལེ་ཤཱ་ཅིག་རང་འོང་ནི་ཡོདཔ་ལས་ ད་རུང་རང་ འབད་དགོཔ་ལེ་ཤཱ་ཅིག་རང་ཐོན་འོང་ཟེར་བཤད་ཅི།

ལྟེ་བ་འདི་དང་ཅིག་ཁར་ མཉམ་འབྲེལ་གྱི་ལས་རིམ་ཚུ་ཡང་ རང་བཞིན་ཐོན་སྐྱེད་ཉམས་སྲུང་དང་ཡུན་བརྟན་ཐོག་ལག་ལེན་འཐབ་ནི་དང་ ཉེན་ཁག་ཡོད་པའི་ གངས་ལྗོངས་ཀྱི་མི་སྡེ་ཚུ་ལུ་ རྒྱབ་སྐྱོར་འབད་ནི་ དེ་ལས་ སྐྱེས་ལྡན་གནས་སྟངས་རིམ་ལུགས་ལ་སོགས་པ་ཚུ་ཨིན་མས།

གྲོས་བསྟུན་ཞལ་འཛོམས་འདི་ཡང་ འབྲུག་དང་ རྒྱལ་སྤྱི་གངས་ལྗོངས་གོང་འཕེལ་ལྟེ་བ་གཉིས་ཀྱི་བར་ན་ ད་རེས་ཡོད་པའི་མཉམ་འབྲེལ་ཚུ་ བསྐྱར་ཞིབ་འབད་ནི་དང་ གཞན་མི་ཁག་ཆེ་བའི་གནད་དོན་ཚུ་གི་སྐོར་ལས་ གྲོས་བསྟུན་འབད་ནི་གི་དོན་ལས་ འགོ་འདྲེན་འཐབ་ནུག

ད་རུང་ ཞལ་འཛོམས་འདི་ མཉམ་འབྲེལ་ཧེང་སྐལ་རང་ ཡར་དྲག་བཏང་ནི་གི་དོན་ལུ་ ཐབས་ལམ་ཚུ་བཏོན་ནི་གི་དོན་ལས་ཡང་ཨིན་མས།

ཞལ་འཛོམས་འདི་ནང་ལས་གྲོས་ཆོད་བྱུང་མི་ཚུ་ གཙོ་རིམ་བཟུང་བཞིནམ་ལས་ སྤྱི་ལོ་༢༠༡༨་ལས་༢༠༢༢་ཀྱི་ རྒྱལ་སྤྱི་གངས་ལྗོངས་གོང་འཕེལ་ལྟེ་བའི་ དྭངས་ལེན་འཆར་གཞི་ནང་ལུ་ བཙུགས་ནི་ཨིན་མས།

འབྲུག་རྒྱལ་ཁབ་འདི་ རྒྱལ་སྤྱི་གངས་ལྗོངས་གོང་འཕེལ་ལྟེ་བ་དང་ཅིག་ཁར་ མཉམ་འབྲེལ་འབད་དེ་ ད་རེས་ ལོ་༣༠་ལྷགཔ་ཅིག་ ལང་སྟེ་འདུག