གཟའ་མིག་དམར། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༣

སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ སྤ་རོ་ལུ་ དད་མོས་ཅན་གྱི་མི་སེར་ཚུ་ལུ་ ཚེ་དབང་གནང་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༢༩ ༢༠༡༦

thousands-receive-tshewang-from-his-holiness༉ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཁ་ཙ་ སྤ་རོ་ལུ་ ལོ་བསྟར་སྨོན་ལམ་ཆེན་མོ་གནང་ས་ལུ་ དད་མོས་ཅན་གྱི་མི་སེར་ སྟོང་ཕྲག་ལས་བཅས་མི་ཚུ་ལུ་ ཚེ་དབང་གནང་ནུག

གཟའ་ཟླཝ་གི་ཚེ་ལས་འགོ་བཙུགས་མི་ སྤ་རོ་གི་ལོ་བསྟར་སྨོན་ལམ་ཆེན་མོ་འདི་ ནངས་པར་ འགྲོལ་གནང་ནི་ཨིན་མས།

སྨོན་ལམ་ཆེན་མོ་འདི་ཡང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ དབུ་བཞུགས་མཛད་དེ་ སྤ་རོ་རབ་སྡེ་ནང་ལས་ དགེ་སློང་ཞལ་གྲངས་༣༥༠དེ་ཅིག་གི་སྦེ་ གནང་དོ་ཡོདཔ་ཨིན།

ད་རུང་ སྐྱབས་རྗེ་མཆོག་གིས་ གུས་ཞབས་ཀྱི་ཚུལ་སྦེ་ མི་རྒན་ཤོས་༣༠༠ལྷགཔ་ཅིག་གི་དོན་ལས་ བཀྲིས་ལེགས་སྨོན་ཡང་གནང་ནུག