གཟའ་སྤེན་པ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༥

བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེ་གི་ མཐར་འཁྱོལ་མཛད་སྒོའི་དུས་སྟོན་འགོ་འདྲེན་འཐབ་ས་ལུ་ བྱོན་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༢༧ ༢༠༡༦

rimconvocation༉ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་གསུང་མི་ནང་ རྩ་བ་གསུམ་ལུ་ ཕྱག་ཞུ་ཐངས་འདི་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་མཛད་བྱ་ལུ་ དཔེ་བལྟ་དགཔོ་འདི་ ག་ནི་བས་ ཁག་ཆེ་ཟེར་ཨིན་མས།

འདི་ཡང་ ཁ་ཙ་ ཐིམ་ཕུག་ རྒྱལ་གཞུང་འཛིན་སྐྱོང་སློབ་སྡེ་ནང་ལས་ ཤེས་ཡོན་མཐར་འཁྱོལ་མི་ཚུ་གི་དོན་ལས་ མཐར་འཁྱོལ་མཛད་སྒོའི་དུས་སྟོན་འགོ་འདྲེན་འཐབ་ས་ལུ་ གསུང་སྟེ་ཡོདཔ་ཨིན།

བློན་ཆེན་གྱིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་སྐུ་ཚབ་སྦེ་ ཁོང་ཤེས་ཡོན་མཐར་འཁྱོལ་མི་ཚུ་ལུ་ བཀྲིས་བདེ་ལེགས་ཡོདཔ་སྦེ་གསུང་ཡི།

བློན་ཆེན་གྱིས་གསུང་མི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འབྲུག་རྒྱལ་ཁབ་འདི་ ཆུང་ཀུ་ཅིག་ལས་བརྒལ་མེད་ནི་འདི་གིས་ ལཱ་ག་ཅི་བཟུམ་འབད་དགོ་རུང་ གྲུབ་འབྲས་ག་ཅི་བཟུམ་བཏོན་དགོ་རུང་ འབད་མ་ཚུགསཔ་ཅིག་ག་ནི་ཡང་མེད་ཟེར་བའི་བཀའ་སློབ་གནང་མི་འདི་ སེམས་ཁར་བཞག་དགོ་ཟེར་ཨིན་མས།

བློན་ཆེན་གྱིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ ད་རེས་ནངས་པར་ རྒྱལ་ཁབ་ཀྱི་མཐའ་ཟུར་གྱི་གཡུས་ཚན་ཚུ་ནང་ལས་ཕར་ ཞབས་སྟོང་འབད་ མི་སེར་ཚུ་དང་མཇལ་ཕྲད་གནང་པར་ བྱོན་ཏེ་ཡོད་ཟེར་གསུང་ཡི།

ད་རུང་ བློན་ཆེན་གྱིས་ རྒྱལ་ཁབ་ལེགས་ཤོམ་འབད་འགྱོ་ནི་གི་དོན་ལས་ དམངས་གཙོའི་རིང་ལུགས་ བདག་འཛིན་འཐབ་དགོཔ་ ཁག་ཆེ་བའི་སྐོར་ལས་ཡང་ གསུང་ཡོདཔ་ཨིན།

དམངས་གཙོའི་རིང་ལུགས་འདི་ གྲིང་སྒྲིང་འབད་བཞག་ནི་གི་དོན་ལས་ མི་སེར་ཚུ་ སེམས་ཅིག་ཁར་མཐུན་ཏེ་ ཞི་བདེ་གི་ངང་ལུ་ སྡོད་དགོཔ་འདི་ ཁག་ཆེ་ཟེར་ཨིན་མས།

སྤེལ་ཁང་འདི་ནང་ལས་ ཤེས་ཡོན་མཐར་འཁྱོལ་མི་ཚུ་ མི་ཚེ་གསརཔ་འགོ་བཙུགས་ནི་གི་གདུང་ཁ་ལུ་འབདཝ་ལས་ བློན་ཆེན་གྱིས་གསུང་མི་ནང་ ཁོང་ཆ་ཁྱབ་ཀྱིས་ རྒྱལ་ཡོངས་ཀྱི་དམིགས་ཡུལ་དང་དམིགས་གཏད་ཚུ་ སེམས་ཁར་བཞག་དགོ་ཟེར་གསུང་ཡི།་་་་་་་་་

མཐར་འཁྱོལ་མཛད་སྒོའི་དུས་སྟོན་གྱི་སྐབས་ལུ་ མཐོ་རིམ་གོང་མའི་ཤེས་ཡོན་དང་ མཐོ་རིམ་རྗེས་མའི་ལས་ དེ་ལས་ དྲིབ་ལོ་མ་གི་ལས་རིམ་མཇུག་བསྡུ་མི་ ཁོང་༢༧༠་ལུ་ ལག་ཁྱེར་ཚུ་གནང་སྟེ་ཡོདཔ་ཨིན།