གཟའ་ཕུར་བུ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༨

བློན་ཆེན་ཚེ་རིང་སྟོབས་རྒྱས་འབད་བ་ཅིན་ ཕྱགས་སྙིགས་འཛིན་སྐྱོང་གི་འགན་ཁུར་འདི་ རང་གིས་རང་འབག་དགོཔ།

སྤྱི་ཟླ་༩ པའི་ཚེས་ ༣༠ ༢༠༡༦

pm_wastemgtawareness༉ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་གསུང་མི་ནང་ ཐིམ་ཕུག་ལུ་སྡོད་མི་ཚུ་གིས་ རང་སོའི་ཕྱགས་སྙིགས་ཚུ་ ལེགས་ཤོམ་སྦེ་འཛིན་སྐྱོང་འཐབ་ནི་གི་འགན་ཁུར་འདི་ རང་གིས་རང་འབག་བཞིན་ན་ ག་ལྷོད་སར་བཀོག་བཏང་མ་ད་ཟེར་ཨིན་མས།

ད་རུང་ བློན་ཆེན་གྱིས་གསུང་མི་ནང་ ཕྱགས་སྙིགས་ཚུ་ བཀོག་ཚུགས་པ་ཅིན་ ཕྱགས་སྙིགས་བཀོག་སའི་ས་སྒོ་ནང་ལུ་ རང་བཀོག་ད་ དེ་མེན་ གཞུང་ལམ་གྱི་འོག་ལུ་མ་བཀོག་བར་ ལམ་ཁ་རང་བཞག་པ་ཅིན་ བློན་ཆེན་ཁོ་ར་གིས་རང་འབད་རུང་ བསྡུ་ཚུགས་ནི་མས་ཟེར་གསུང་ཡི།

འདི་ཡང་ ཁ་ཙ་ བློན་ཆེན་ཚེ་རིང་སྟོབས་རྒྱས་དང་ བློན་ཆེན་ཁོ་རའི་ཡིག་ཚང་ནང་ལས་ ལས་བྱེདཔ་ཚུ་གིས་ ཐིམ་ཕུག་ རྟ་བབས་ལས་ གླང་ཇོ་ཕར་ཀ་ལུ་ཡོད་པའི་ བློན་ཆེན་ཁོ་རའི་ཡིག་ཚང་ཚུན་གྱི་ ལམ་དང་ལམ་གྱི་འོག་ལས་མར་ཡོད་མི་ཕྱགས་སྙིགས་འདི་ཚུ་ བསྡུ་གནང་པའི་སྐབས་ གསུང་ཡོདཔ་ཨིན།

བློན་ཆེན་དང་སྡེ་ཚན་འདི་གིས་ དེ་བསྒང་ ཕྱགས་སྙིགས་མ་འདྲཝ་ སྣུམ་འཁོར་ཧ་ལཀས་གང་ བསྡུ་ཚུགས་ཏེ་སྦེ་འདུག

ད་རུང་ བློན་ཆེན་གྱིས་གསུང་མི་ནང་ ཕྱགས་སྙིགས་འཛིན་སྐྱོང་འཐབ་ནི་གི་འགན་ཁུར་འདི་ ཐིམ་ཕུག་ཁྲོམ་སྡེ་ལུ་ཡང་ ཕོགཔ་ཨིན་ཟེར་གསུང་ཡི།

འདི་འབདཝ་ལས་ ཁྲོམ་སྡེ་གི་ཁ་ཐུག་ལས་ ཕྱགས་སྙིགས་བསྡུ་ལེན་འབད་ནི་འདི་ ད་རེས་དང་ཕྱདཔ་ད་ ཡར་སེང་འབད་དགོཔ་འདུག་ཟེར་ཨིན་མས།

འདི་ལུ་ ཐིམ་ཕུག་ཁྲོམ་དཔོན་ ཀུན་ལེགས་རྡོ་རྗེ་གིས་སླབ་མི་ནང་ ཁྲོམ་སྡེ་གི་ཁ་ཐུག་ལས་ ཕྱགས་སྙིགས་བཀོག་སའི་ལྷོད་ཚུ་ བཀལ་བཞག་ནི་གི་འོས་བབས་ཚུ་བལྟ་འོང་ཟེར་བཤད་ཅི།

ཨིན་རུང་ ཕྱགས་སྙིགས་འདི་ཚུ་ ལྷོད་ནང་ལུ་བཀོག་ནི་གི་ཐད་ཁར་ མི་ཚུ་ལས་ རྒྱབ་སྐྱོར་དགོཔ་འདི་ ཁག་ཆེ་བས་ཟེར་ཨིན་མས།

ཐིམ་ཕུག་ཁྲོམ་སྡེ་གིས་ ཉིན་བསྟར་བཞིན་ ཕྱགས་སྙིགས་ཡུདཔ་ཅིག་ སྣུམ་འཁོར་ཀྲག་༦་དེ་རེ་ བསྡུཝ་ཨིན་མས།