གཟའ་པ་སངས། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༤

ཐིམ་ཕུག་ཁྲོམ་ཁར་ལུ་ ནང་འཁོད་ལས་འཐོན་པའི་ ཚོད་བསྲེ་གི་རིགས་ཚུ་ གོང་ཚད་ཁེ་ཏོག་ཏོ་སྦེ་ ཐོབ་དོ་ཡོདཔ།

སྤྱི་ཟླ་༧ པའི་ཚེས་ ༢༩ ༢༠༡༦

LocalVeggiesatLowPrice༉ ད་རེས་ནངས་པ་ ཆརཔ་མ་ཆད་པ་ར་བརྐྱབ་མི་ལུ་བརྟེན་ཏེ་ ཕུན་ཚོགས་གླིང་དང་ དགེ་ལེགས་ཕུག་ཁ་ཐུག་ལུ་ ཚོད་བསྲེ་ཚོང་འབྲེལ་འཐབ་མི་ མི་སེར་སོ་ནམ་པ་ཚུ་ལུ་ ཐོ་ཕོག་སྟེ་སྦེ་འདུག

འདི་ཡང་ འཁོར་ལམ་ཚུ་བསུབ་སྟེ་ཡོད་མི་ལས་བརྟེན་ མི་སེར་སོ་ནམ་པ་ཚུ་གིས་ ཐབས་ར་མེད་པར་ ཚོད་བསྲེ་འདི་ཚུ་ གོང་ཚད་ཁེ་ཏོག་ཏོ་སྦེ་ ཐིམ་ཕུག་ སོ་ནམ་རྒྱ་འཁོར་ཚོང་ཁྲོམ་ཁར་ བཙོང་དགོཔ་ཐོན་ཡོདཔ་ཨིན་མས།

ད་རེས་ དུས་ཚོད་འ་ནེམ་ཅིག་ཁར་ དབང་འདུས་ཕོ་བྲང་དང་སྤ་རོ་ དེ་ལས་ སྤུ་ན་ཁ་དང་ ཉེ་འདབས་ཀྱི་ས་གནས་ཚུ་ནང་ལས་ མི་སེར་སོ་ནམ་པ་ཚུ་གིས་ ཁོང་གི་སོ་ནམ་ཐོན་སྐྱེད་ཚུ་ སོ་ནམ་རྒྱ་འཁོར་ཚོང་ཁྲོམ་ཁར་ བཙོང་པ་འབག་འོང་དོ་ཡོདཔ་ཨིན།

ལ་ལུ་ཅིག་གིས་ ཚོད་བསྲེ་འདི་ཚུ་ ཕུན་ཚོགས་གླིང་དང་ དགེ་ལེགས་ཕུག་ཁྲོམ་ཁར་ བཙོང་པ་འབག་དོ་ཡོདཔ་

ཨིན་རུང་ ད་རེས་ ཆརཔ་བརྐྱབ་ཏེ་སྦེ་ འཁོར་ལམ་ཚུ་བསུབ་ཏེ་ཡོད་མི་ལས་བརྟེན་ཏེ་ མི་སེར་སོ་ནམ་པ་ཚུ་གིས་གོང་ཚད་ཁེ་ཏོག་ཏོ་སྦེ་ ཐིམ་ཕུག་ལུ་ བཙོང་དགོཔ་ཐོན་ཏེ་འདུག

འདི་འབདཝ་ལས་ མི་སེར་སོ་ནམ་པ་ཚུ་གིས་སླབ་མི་ནང་ ཁོང་གི་ ལོ་ཐད་གཅིག་ ལཱ་ཤུགས་བཏོན་ཏེ་འབད་བའི་ཤུལ་ འོང་འབབ་དེ་ཅིག་རང་ ལེགས་ཤོམ་བཟོ་མ་ཚུགས་ཟེར་བཤད་ཅི།

མི་སེར་སོ་ནམ་པ་ལ་ལུ་ཅིག་གིས་སླབ་མི་ནང་ འཁོར་ལམ་བསུབ་སྟེ་ཡོད་མི་ལས་བརྟེན་ གོང་ཚད་ལེགས་ཤོམ་ཐོབ་སའི་ས་གནས་ཚུ་ནང་ལུ་ བཙོང་པ་འབག་མ་ཚུགསཔ་ལས་ ཚོད་བསྲེ་ཚུ་ ལྡུམ་རྭ་ནང་ར་ རུད་ནི་མས་ཟེར་མནོ་སྟེ་ གོང་ཚད་ཁེ་ཏོག་ཏོ་སྦེ་ བཙོང་ད་ཡི་ཟེར་བཤད་ཅི།

ད་རེས་ནངས་པར་ ཆརཔ་མ་ཆད་པ་ར་བརྐྱབ་ཏེ་ ལམ་འདི་ཚུ་བསུབ་ཏེ་ར་འབད་རུང་ ཐིམ་ཕུག་ སོ་ནམ་རྒྱ་འཁོར་སོ་ནམ་ཚོང་ཁྲོམ་ཁར་ ཚོད་བསྲེ་གི་གོང་ཚད་ཚུ་ གོང་ཚད་ཁེ་ཏོག་ཏོ་སྦེ་ ཐོབ་དོ་ཡོདཔ་ཨིན་མས།