གཟའ་པ་སངས། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༩

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འཇིགས་མེད་སེང་གེ་དབང་ཕྱུག་ཁྲིམས་དོན་སློབ་གྲྭ་ བརྐྱབ་ནི་གི་དོན་ལས་ ས་ལྷང་རྟེན་འབྲེལ་ནང་ལུ་ དབུ་བཞུགས་མཛད་གནང་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༣༠ ༢༠༡༦

His Majesty graces ground-breaking ceremony༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཁ་ཙ་ སྤ་རོ་ སྤང་སྦིས་ས་ལུ་སྦེ་ འཇིགས་མེད་སེངགེ་དབང་ཕྱུག་ ཁྲིམས་དོན་སློབ་གྲྭ་ བརྐྱབ་ནིའི་དོན་ལས་ ས་ལྷང་རྟེན་འབྲེལ་ནང་ལུ་ དབུ་ཞུགས་མཛད་གནང་ཡི།

རྟེན་འབྲེལ་ནང་ལུ་ མི་དབང་སྐུ་འཁོར་ལྷན་རྒྱས་དང་ བློན་ཆེན་ དེ་ལས་ གཞུང་གི་འགོ་དཔོན་ཚུ་དང་ ཕྱི་འབྲེལ་དོན་གཅོདཔ་ཚུ་ཡང་འོང་ནུག

ས་ལྷང་རྟེན་འབྲེལ་དང་འབྲེལ་ འབྲུག་རྒྱལ་ཁབ་ནང་ལུ་ ཁྲིམས་དོན་སློབ་གྲྭ་ འགོ་དང་པའི་དོན་ལུ་ མཐུན་རྐྱེན་གོང་འཕེལ་གྱི་ལཱ་ཚུ་ འགོ་བཙུགསཔ་ཨིན་མས།

ཁྲིམས་དོན་སློབ་གྲྭ་ བརྐྱབ་ནིའི་ལཱ་ཚུ་ཡང་ སྤྱི་ཟླ་༦་པ་ འགོ་བཙུགས་ཁམས་ལས་ འགོ་བཙུགས་ཏེ་ ལཱ་ཚུ་གོ་རིམ་༣་སྦེ་ མཇུག་བསྡུ་ནིའི་ལས་རིམ་འདུག

སློབ་གྲྭ་བརྐྱབ་ནིའི་ལས་འགུལ་ལུ་ མ་དངུལ་འདི་ཡང་ རྒྱ་གར་གཞུང་གི་ ལས་འགུལ་མཉམ་འབྲེལ་རྒྱབ་བསྐྱོར་བརྒྱུད་དེ་ གནངམ་ཨིན་མས།

འཇིགས་མེད་སེང་གེ་དབང་ཕྱུག་ ཁྲིམས་དོན་སློབ་གྲྭ་འདི་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ལོ་༢༠༡༥་ སྤྱི་ཟླ་༢་པའི་སྤྱི་ཚེས་༢༡་ལུ་ རྒྱལ་པོའི་བཀའ་ཁྲིམས་གནང་ཞིནམ་ལས་ རང་དབང་དང་རང་སྐྱོང་གི་ ཆེ་རིམ་ཤེས་ཡོན་སྤེལ་ཁང་གཅིག་སྦེ་ གཞི་བཙུགས་གནང་ཡོདཔ་ཨིན།

སློབ་གྲྭའི་གཙོ་འཛིན་འདི་ མི་དབང་རྒྱལ་པོའི་སྲསམོ་ བསོད་ནམས་བདེ་ཆེན་དབང་ཕྱུག་མཆོག་ཨིན།