གཟའ་ལྷག་པ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༢

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བང་ལ་དེཤ་དང་ཐའི་ལེན་ལུ་ འབྲུག་གི་སྐུ་ཚབ་ཚུ་དང་ རྫོང་བདག་བཞི་ བསྐོ་བཞག་མཛད་གནང་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༣༠ ༢༠༡༦
སྐུ་ཚབ: བསོད་ནམས་སྟོབས་ལྡན་རབ་རྒྱས་ (གཡས) དང་ ཚེ་དབང་ཆོས་འཕེལ་་(གཡོན)

སྐུ་ཚབ: བསོད་ནམས་སྟོབས་ལྡན་རབ་རྒྱས་ (གཡོན) དང་ ཚེ་དབང་ཆོས་འཕེལ་་(གཡས)

༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གཟའ་སྤེནམ་གི་ཚེས་ བང་ལ་དེཤ་དང་ ཐའི་ལེན་ལུ་ འབྲུག་གི་སྐུ་ཚབ་ཚུ་ བསྐོ་བཞག་མཛད་གནང་ཡི།

ད་རུང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དར་དཀར་ན་དང་ བསམ་གྲུབ་ལྗོངས་མཁར་ དེ་ལས་ བཀྲ་ཤིས་སྒང་དང་ལྷུན་རྩེ་གི་ རྫོང་བདག་གསརཔ་ཚུ་ བསྐོ་བཞག་མཛད་གནང་ཡི།

བསོད་ནམས་སྟོབས་ལྡན་རབ་རྒྱས་འདི་ བང་ལ་དེཤ་ལུ་འབྲུག་གི་ སྐུ་ཚབ་གསརཔ་སྦེ་ བསྐོ་བཞག་གནང་ཡི།

ཁོ་གིས་ ཕྱི་འབྲེལ་ལྷན་ཁག་ནང་ལུ་ སྲིད་བྱུས་དང་འཆར་གཞུ་ལས་ཚན་གྱི་ འགོ་འཛིན་སྦེ་ཕྱག་ཞུ་ཡོདཔ་ཨིན།

Dzongdas

རྫོང་བདག (གཡོན-གཡས): ཆོས་སྐྱིད་རྒྱལ་མཚན་ མཐར་ཕྱིན་ལྷུན་གྲུབ་ ཕུན་ཚོགས་ཆོས་སྒྲོན་དང་ འཇམ་དཔལ་དབང་ཕྱུག

དེ་ལས་ ཕྱི་འབྲེལ་ལྷན་ཁག་གི་ ལུང་ཕྱོགས་ལས་ཚོགས་ལས་ཚན་གྱི་གཙོ་འཛིན་ ཚེ་དབང་ཆོས་འཕེལ་འདི་ ཐའི་ལེན་ལུ་ འབྲུག་གི་སྐུ་ཚབ་གསརཔ་སྦེ་ བསྐོ་བཞག་གནང་ཡི།

དར་དཀར་ན་གི་རྫོང་བདག་གསརཔ་འདི་ ཕུན་ཚོགས་ཆོས་སྒྲོན་ཨིན་མས། མོ་གིས་ ཤེས་རིག་ལྷན་ཁག་འོག་གི་ ན་གཞོན་དང་རྩེད་རིག་ལས་ཁུངས་ཀྱི་ མདོ་ཆེན་སྦེ་ ཕྱག་ཞུ་ཡོདཔ་ཨིན།

དེ་ལས་ ཕུན་ཚོགས་གླིང་ཁྲོམ་སྡེ་ནང་ལུ་ བཀོད་ཁྱབ་དྲུང་ཆེན་སྦེ་ ཕྱག་ཞུ་ཡོད་མི་ མཐར་ཕྱིན་ལྷུན་གྲུབ་འདི་ བསམ་གྲུབ་ལྗོངས་མཁར་གྱི་ རྫོང་བདག་གསརཔ་སྦེ་ བསྐོ་བཞག་གནང་ནུག

ཆོས་སྐྱིད་རྒྱལ་མཚན་འདི་ བཀྲ་ཤིས་སྒང་གི་རྫོང་བདག་གསརཔ་སྦེ་ བསྐོ་བཞག་གནང་ཡོདཔ་ད་ ཁོ་གིས་ རྒྱལ་ཡོངས་ཚོགས་འདུའི་ དྲུང་ཆེན་ཡིག་ཚང་ནང་ལུ་ མདོ་ཆེན་སྦེ་ ཕྱག་ཞུ་ཡོདཔ་ཨིན།

དེ་ལས་ འཇམ་དཔལ་དབང་ཕྱུག་འདི་ ལྷུན་རྩེ་གི་རྫོང་བདག་གསརཔ་སྦེ་ བསྐོ་བཞག་གནང་ནུག

ཁོ་གིས་ དམག་སྡེ་ཁག་གི་སློབ་གྲྭའི་ལས་འགུལ་གྱི་ མདོ་ཆེན་སྦེ་ཕྱག་ཞུ་ཡོདཔ་ཨིན།

འབྲུག་གི་རྩ་ཁྲིམས་ཆེན་མོ་དང་འཁྲིལཔ་ད་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གཞུང་ཚབ་དང་རྫོང་བདག་ཚུ་ བློན་ཆེན་གྱིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ལས་ གདམ་ངོ་ཚུ་ལེན་ཏེ་ གྲོས་འདེབས་ཕུལ་ཞིནམ་ལས་ བསྐོ་བཞག་གནངམ་ཨིན།