གཟའ་སྤེན་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༠

ཤར་དང་ནུབ་ཕྱོགས་ཀྱི་ གཞུང་ལམ་རྒྱ་བསྐྱེད་ཀྱི་ལཱ་འབད་བའི་སྐབས་ རྡོ་རྫས་སྐྱེལ་མི་ལུ་བརྟེན་ ཀྲོང་གསར་རྫོང་བྱེམ་ཕོག་དོ་ཡོདཔ།

སྤྱི་ཟླ་༢ པའི་ཚེས་ ༢༩ ༢༠༡༦

Blasting-from-road-widening-could-damage-Trongsa-Dzong-locals-fear༉ ཀྲོང་གསར་གྱི་མི་ཚུ་གིས་འབད་བ་ཅིན་ ཤར་དང་ནུབ་ཕྱོགས་ཀྱི་ གཞུང་ལམ་རྒྱ་བསྐྱེད་ཀྱི་ལཱ་འབད་བའི་སྐབས་ རྡོ་རྫས་སྐྱེལ་མི་ལུ་བརྟེན་ ཀྲོང་གསར་རྫོང་འདི་ལུ་ བྱེམ་ཕོགས་ནི་མས་ཟེར་བའི་ ཚ་གྱངས་ཡོད་ཟེར་ཨིན་མས།

སྟེ་ རྫོང་གི་ཉེས་འདབས་ལུ་ སྡོད་མི་ཚུ་གིས་སླབ་མི་ནང་ ཕྱི་རུ་རྣམ་ཤ་ རྡོ་རྫས་ཚུ་སྐྱེལ་མི་འདི་གིས་ རྒྱལ་རབ་ཅན་གྱི་ རྫོང་གཞི་འདི་ལུ་ གནོད་སྐྱོན་བྱུང་ནིའི་ཉེན་ཁག་འདུག་ཟེར་ཨིན་མས།

ད་རེས་ གཞུང་ལམ་རྒྱ་བསྐྱེད་ཀྱི་ལཱ་འདི་ རྫོང་གི་རྩ་བ་ལས་ ཐད་སཀར་དུ་མི་ཀྲར་༧༠༠་དེ་ཅིག་གི་ས་ཁར་ ཡོངས་གྲགས་ལུ་ ཝི་པཱོནཊ་ཟེར་ས་ལུ་ འབད་བའི་བསྒང་ཡོདཔ་ཨིན་མས།Blasting-from-road-widening-could-damage-Trongsa-Dzong-locals-fear-

ས་གནས་ཀྱི་ མི་ཚུ་གིས་སླབ་མི་ནང་ རྡོ་རྫས་ཀྱི་ སྐད་འདི་གནམ་མེད་ས་མེད་ ཤུགས་ཡོད་མི་ལས་བརྟེན་ཏེ་ཕྲལ་ཕྲལ་སྐབས་ ཕྱི་རུ་ ཉིད་ར་ལོག་མི་བཅུག་པས་ཟེར་བཤད་ཅི།

ཁོང་ཆ་ཁྱབ་ཀྱིས་སླབ་མི་ནང་ སྐད་འདི་ཝི་པཱོནཊ་ལས་ ཀི་ལོ་མི་ཀྲར་༡༣་དེ་ཅིག་གི་ས་ཁར་ ཤེས་རབ་གླིང་ལུ་ཡང་ གོ་བས་ཟེར་ཨིན་མས།

ཀྲོང་གསར་རྫོང་གུ་ལུ་ འགག་གྲམ་འཐོན་ཡོད་མི་ཚུ་ ཆུ་མཛོད་ཁང་བཟོ་བསྐྲུན་འབད་བའི་སྐབས་ རྡོ་རྫས་སྐྱེལ་མི་གི་ བྱེམ་ལུ་བརྟེན་ཏེ་ཨིན་པའི་ དོགས་པ་ཡོདཔ་ཨིན།Blasting-from-road-widening-could-damage-Trongsa-Dzong-locals-fear-1-2

འཕྲལ་ཁམས་ཅིག་ཁར་ ཀྲོང་གསར་རྫོང་ཁག་བདག་སྐྱོང་གིས་ ལམ་རྒྱ་བསྐྱེད་འབད་མི་ ཁ་འབག་གི་ལས་སྡེ་ གཱེལ་ཀཱོན་ཨིན་ཕྲ་སྒེར་སྡེ་ལུ་ རྡོ་རྫས་ཚུ་ ཚད་འཛིན་འབད་དེ་སྐྱེལ་དགོཔ་སྦེ་སླབ་ཡོདཔ་ཨིན་མས།

ཁོ་གིས་སླབ་མི་ནང་ རྡོ་རྫས་ཚད་འཛིན་འབད་དེ་སྐྱེལ་བའི་སྐབས་ སྤྱིར་བཏང་ལུ་ རྫས་༡༡་དེ་རེ་ལག་ལེན་འཐབ་ས་ལུ་ ཁོང་གིས་ ༣་ལས་འགལ་ཏེ་ ལག་ལེན་འཐབ་ནི་མེད་ཟེར་ཨིན་མས།

དེ་བཟུམ་སྦེ་ ཁོ་གིས་སླབ་མི་ནང་ རྡོ་རྫས་སྐྱེལ་ནིའི་ ཧོ་ཀ་ཡང་ མར་ཕབ་འབད་དེ་ཡོད་ཟེར་ཨིན་མས།

ཝི་པཱོནཊ་ལུ་ མི་ཀྲར་༡༠༠་འབད་མི་ བྱག་འདི་སྤོག་ནིའི་ལཱ་འགོ་བཙུགས་ཏེ་ ཟླཝ་༢་དེ་ཅིག་སོང་ཡོདཔ་ད་ ད་རེས་ ཧ་ལམ་མཇུག་བསྡུ་ནི་གུ་ལྷོད་དེ་འདུག ཨོ་རྒྱན་རྡོ་རྗེ་གིས་སླབ་མི་ནང་ ཁོང་གི་ཁ་ཐུག་ལས་ རྡོ་རྫས་ཚུ་ ཚད་འཛིན་འབད་དེ་མ་སྐྱེལ་བ་ཅིན་ ལཱ་འདི་ ཟླཝ་༡་དེ་ཅིག་ནང་ར་ མཇུག་བསྡུ་དཔ་འོང་ཟེར་བཤད་ཅི།