གཟའ་པ་སངས། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༤

ཁག་འབགཔ་བརྒྱ་ཆ་༧༠་དེ་ཅིག་གིས་རང་ བཟོ་བསྐྲུན་གོང་འཕེལ་བཀོད་ཚོགས་་ཀྱི་དགོས་མཁོ་ཚུ་གྲུབ་མ་ཚུགས་པར་ཡོདཔ།

སྤྱི་ཟླ་༡ པའི་ཚེས་ ༢༨ ༢༠༡༦

70 percent contractors do not meet CDB’s requirements༉ བཟོ་བསྐྲུན་གོང་འཕེལ་བཀོད་ཚོགས་ཀྱིས་ རྒྱལ་ཁབ་ནང་གི་ཁག་འབགཔ་སྦོམ་དང་བར་ན་བསྐོརམ་༤༥༠་ལྷགཔ་ཅིག་ བལྟ་རྟོགས་འབད་ས་ལས་ ཁོང་༣༠༠་ལྷགཔ་ཅིག་གི་ནང་ལུ་རང་ བཀོད་ཚོགས་ཀྱིས་བཟོ་སྟེ་ཡོད་མི་དགོས་མཁོ་ཚུ་ མ་ཚང་བར་ཡོདཔ་སྦེ་མཐོང་སྟེ་འདུག

བཀོད་ཚོགས་ཀྱིས་བཟོ་སྟེ་ཡོད་མི་དགོས་མཁོ་ཚུ་ཡང་ མཐུན་རྐྱེན་དང་བཅས་པའི་ཡིག་ཚང་གཞི་བཙུགས་འབད་དགོཔ་དང་ མི་སྟོབས་ཀྱི་གྱངས་ཁ་ལ་སོགས་པ་ཚུ་ཨིན་མས།

བཟོ་བསྐྲུན་གོང་འཕེལ་བཀོད་ཚོགས་དང་འཁྲིལ་བ་ཅིན་ ཁོང་ཁག་འབགཔ་༤༥༠་ལྷགཔ་ཅིག་བལྟ་རྟོགས་འབད་ས་ལས་ ༣༢༩་གི་ནང་ལུ་ མི་སྟོབས་ལངམ་སྦེ་ མེདཔ་སྦེ་མཐོང་ཡི་ཟེར་ཨིན་མས།

ད་རུང་ ཁག་འབགཔ་༢༠༠་ལྷགཔ་ཅིག་གིས་ ཡིག་ཚང་གཞི་བཙུགས་མ་འབད་བར་ཡོདཔ་སྦེ་ བདག་ཟུན་ཏེ་ཡོདཔ་མ་ཚད་ ཁག་འབགཔ་༡༥༠་ལྷགཔ་ཅིག་ལུ་ བརྡ་བྱང་ཡང་ མེདཔ་སྦེ་ཨིན་མས།

འདི་བཟུམ་སྦེ་ ཁག་འབགཔ་ལ་ལུ་ཅིག་གིས་ བཟོ་བསྐྲུན་གོང་འཕེལ་བཀོད་ཚོགས་ལས་གནང་བ་ག་ནི་ཡང་མེད་པར་ ཁོང་རའི་ཁ་བྱང་ཚུ་ཡང་ སོར་ཏེ་ཡོདཔ་སྦེ་མཐོང་ནུག

བཟོ་བསྐྲུན་གོང་འཕེལ་བཀོད་ཚོགས་ནང་ལས་ བལྟ་རྟོགས་གཙོ་འཛིན་འགོ་དཔོན་ ཆོས་ཉིད་བཟང་མོ་གིས་སླབ་མི་ནང་ ཁག་འབགཔ་ཚུ་ བཟོ་བསྐྲུན་གྱི་ལས་སྡེ་ཅིག་འབདཝ་ལས་ ཡིག་ཚང་དང་མི་སྟོབས་ དེ་ལས་ ཅ་ཆས་ཚུ་ལེགས་ཤོམ་སྦེ་རང་དགོ་ཟེར་ཨིན་མས།

ཨིན་རུང་ ཁག་འབགཔ་ཚུ་ལུ་ ད་ལས་ཕར་ དགོས་མཁོ་ཚུ་ག་ར་ཚངམ་སྦེ་གྲུབ་བཅུག་ནི་གི་དོན་ལས་ ཟླཝ་ངོ་དྲུག་གི་ཞག་དུས་འབྱིན་ཏེ་ཡོད་ཟེར་བཤད་ཅི།

འདི་འབདཝ་ལས་ ག་དེ་ཅིག་འབད་ ཞག་དུས་འདི་ཁར་ ཁག་འབགཔ་ཚུ་གིས་ ད་རུང་རང་ དགོས་མཁོ་ཚུ་གྲུབ་མ་ཚུགས་པ་ཅིན་ ཁོང་ཆ་ཁྱབ་ཀྱི་གནས་ཚད་འདི་ མར་ཕབ་འབད་ནི་དང་ ཡང་ན་ ཐོ་བཀོད་ལག་ཁྱེར་འདི་ བསྐྱར་གསོ་མི་འབད་ཟེར་ཨིན་མས།

རྒྱལ་ཁབ་ནང་ལུ་ ཁག་འབགཔ་ཆེ་བ་དང་བར་ན་བསྐོརམ་༦༠༠་དེ་ཅིག་ཡོད་རུང་ བཀོད་ཚོགས་ཀྱིས་ གཞན་མི་ཚུ་འཚོལ་མ་ཐོབ་ལས་ བལྟ་རྟོགས་འབད་མ་ཚུགས་པས།