གཟའ་ལྷག་པ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༢༤

པདྨ་དགའ་ཚལ་རྫོང་ཁག་ཁྲོམ་འདི་ བདེན་ཆི་དང་ ཡན་ལག་ཁྲོམ་འདི་ ངང་ལམ་ དེ་ལས་ སྤ་རོ་གི་ཡན་ལག་ཁྲོམ་འདི་ སྦི་སྟི་ཁ་ལུ་ཆགས་ནི་སྦེ་ ཆ་འཇོག་གནང་ཡོདཔ།

སྤྱི་ཟླ་༡༡ པའི་ཚེས་ ༢༦ ༢༠༡༥

Denchi declared as Pema Gatshel’s Dzongkhag Thromde༉ སྤྱི་ཚོགས་ལྷན་བཞུགས་ཀྱིས་ ད་རིས་ པདྨ་དགའ་ཚལ་རྫོང་ཁག་གི་ རྫོང་ཁག་ཁྲོམ་སྡེ་དང་ ཡན་ལག་ཁྲོམ་སྡེ་ དེ་ལས་ སྤ་རོ་གི་ཡན་ལག་ཁྲོམ་སྡེ་ཚུ་ ཆ་འཇོག་གནང་ཡི།

པདྨ་དགའ་ཚལ་གྱི་དོན་ལུ་ རྫོང་ཁག་ཁྲོམ་འདི་ དེན་ཆི་དང་ ཡན་ལག་ཁྲོམ་འདི་ ངང་ལམ་ལུ་གཞི་བཙུགས་འབད་ནི་སྦེ་ ཆ་འཇོག་གནང་སྟེ་ཡོདཔ་ཨིན།

འདི་བཟུམ་སྦེ་ སྤ་རོ་གི་ཡན་ལག་ཁྲོམ་སྡེ་འདི་ བི་སྟི་ཁ་ལུ་གཞི་བཙུགས་འབད་ནི་སྦེ་ ཆ་འཇོག་གནང་སྟེ་ཡོདཔ་ཨིན།

པདྨ་དགའ་ཚལ་དང་སྤ་རོ་གི་ཁྲོམ་ཚུ་ཡང་ རྒྱལ་ཡོངས་ཚོགས་སྡེ་དང་རྒྱལ་ཡོངས་ཚོགས་འདུ་ནང་ལས་འཐུས་མི་༡༢་རེ་འབད་དེ་གཞི་བཙུགས་འབད་མི་ དམིགས་གསལ་མཉམ་འབྲེལ་ཚོགས་ཆུང་གིས་ རྒྱབ་སྣོན་ཕུལཝ་བཞིན་དུ་ ཆ་འཇོག་གནང་ཡི།

དམིགས་གསལ་མཉམ་འབྲེལ་ཚོགས་ཆུང་འདི་གིས་ རྫོང་ཁག་འདི་གཉིས་ཀྱི་ནང་ལུ་ ཁྲོམ་ཚུ་ཡང་ ལུང་ཕྱོགས་གོང་འཕེལ་འདྲ་མཉམ་དང་ དབང་ཚད་ཕྱིར་སྤེལ་ལུ་གཞི་བཞག་སྟེ་ རྒྱབ་སྣོན་ཕུལ་ཡོདཔ་སྦེ་ཨིན་མས།

སྤྱི་ཚོགས་ཀྱིས་ པདྨ་དགའ་ཚལ་དང་ སྤ་རོ་གི་ཁྲོམ་ཚུ་ཆ་འཇོག་གནང་མི་འདི་གིས་ རྩ་ཁྲིམས་ཆེན་མོ་དང་འཁྲིལ་ཏེ་ རྫོང་ཁག་༢༠་ག་རའི་ནང་ལུ་ རྫོང་ཁག་ཁྲོམ་སྡེ་རེ་དང་ ཡན་ལག་ཁྲོམ་སྡེ་རེ་ ཐོབ་ཚརཝ་ཨིན་མས།