གཟའ་སྤེན་པ། ༢༠༡༧ ཟླ་༡༢ པའི་སྤྱི་ཚེས་༡༥

རྒྱལ་ས་ལུ་སྦེ་ ཨམ་སྲུ་ཚུ་ལུ་ རྩུབ་སྤྱོད་མར་ཕབ་ཀྱི་རྒྱལ་སྤྱིའི་ཉིམ་ བརྩི་སྲུང་འབད་ཡོདཔ།

སྤྱི་ཟླ་༡༡ པའི་ཚེས་ ༢༦ ༢༠༡༥

More than 700 walk in support of Orange YOUR Neighbourhood  ༉ རྒྱལ་ཁབ་ནང་ལུ་ ཨམ་སྲུ་ཚུ་ལུ་ རྩུབ་སྤྱོད་བྱུང་མི་འདི་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་དོ་ཡོདཔ་ཨིན།

ཁ་ཙ་ རྒྱལ་ས་ལུ་སྦེ་ ཨམ་སྲུ་ཚུ་ལུ་ རྩུབ་སྤྱོད་མར་ཕབ་ཀྱི་ རྒྱལ་སྤྱིའི་ཉིམ་ བརྩི་སྲུང་འབད་མི་དང་འབྲེལ་ཏེ་ འབྲེལ་བ་ཡོད་པའི་ལས་སྡེ་ཚུ་གིས་ རྩུབ་སྤྱོད་ཀྱི་དཀའ་ངལ་སེལ་ཐབས་ལུ་ དངས་ལེན་འབད་དགོཔ་སྦེ་ བཤད་དེ་ཡོདཔ་ཨིན།

ཨམ་སྲུ་ཚུ་ལུ་ རྩུབ་སྤྱོད་མར་ཕབ་ཀྱི་ རྒྱལ་སྤྱིའི་ཉིམ་ བརྩི་སྲུང་འབད་མི་དང་འབྲེལ་ཏེ་ རྩུབ་སྤྱོད་མར་ཕབ་ཀྱི་སྐོར་ལས་ གོ་བ་བརྡ་སྤྲོད་འབད་ཐབས་ལུ་ མི་༧༠༠་ལྷགཔ་ཅིག་གིས་ སྤང་རིས་ཟམ་པ་ལས་ ཆུ་ཚོད་འཁོར་ལོའི་ཀ་ཆེན་གྱི་ས་སྒོ་ཚུན་ཚོད་ ལམ་འགྲུལ་འབད་ཡོདཔ་ཨིན།

ལས་རིམ་འདི་ནང་ལུ་ མི་དབང་རྒྱལ་པོའི་སྲསམོ་ སྐལ་བཟང་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ དབུ་ཞུགས་མཛད་གནང་ཡི།More than 700 walk in support of Orange YOUR Neighbourhood--

དུས་ཅི་གི་ལོ་ནང་ ད་ལྟོ་ཚུན་ཚོད་ ཨམ་སྲུ་ཆ་བཞག་དང་ལྕོག་གྲུབ་ཡར་སྐྱེད་ལས་སྡེ་ནང་ལུ་ རྩུབ་སྤྱོད་ཀྱི་སྙན་ཞུ་༣༡༢་ཐོ་བཀོད་འབད་ཡོདཔ་ད་ ནཱ་ཧིང་ སྙན་ཞུ་༣༨༢་འཐོན་ནུགMore than 700 walk in support of Orange YOUR Neighbourhood---

ཨམ་སྲུ་ཆ་བཞག་དང་ལྕོག་གྲུབ་ཡར་སྐྱེད་ལས་སྡེ་གི་ བཀོད་ཁྱབ་མདོ་ཆེན རྟ་མགྲིན་དབངམོ་གིས་སླབ་མི་ནང་ ཨམ་སྲུ་ཚུ་གི་མ་ཚད་པར་ ཕོ་རྒས་དང་ཨ་ལོ་ཡང་ ལེ་ཤ་ཅིག་ལུ་ རྩུབ་སྤྱོད་བྱུང་སྟེ་འདུག་ཟེར་ཨིན་མས།

རྩུབ་སྤྱོད་ཚུ་ཡང་ གཙོ་བོ་ར་ ཆང་དང་སྨྱོ་རྫས་ལོག་སྤྱོད་འབད་མི་དང་ གཉེན་གྱི་དམ་ཚིག་དང་མ་མཐུན་པའི་ ལཱ་འབད་མི་ཚུ་ལས་བརྟེན་ བྱུང་དོ་ཡོདཔ་སྦེ་ཨིན་མས།

འདི་བཟུམ་སྦེ་ ཉིམ་འདི་ དགེ་ལེགས་ཕུག་ལུ་ཡང་ བརྩི་སྲུང་འབད་ཡོདཔ་ད་ དེ་ཁར་ རྫོང་ཁག་དང་ཁྲོམ་སྡེའི་འགོ་དཔོན་ཚུ་དང་ ཁས་བླངས་པ་ཚུ་གིས་ ལམ་འགྲུལ་འབད་དེ་ གོ་བ་བརྡ་སྤྲོད་ཀྱི་ལས་རིམ་ཅིག་ འགོ་འདྲེན་འཐབ་ནུག
དུས་ཅི་གི་ ཉིམ་བརྩི་སྲུང་གི་ བརྗོད་དོན་འདི་ཡང་ ཨོ་རེནཇེ་ཡུ་ཝར་ནའི་བོར་ཧུཊ་ ཟེར་བཞག་སྟེ་ཡོདཔ་ད་ ཚོས་གཞི་དེ་ཡང་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་དྲུང་ཆེན་གྱིས་ ཨམ་སྲུ་ཚུ་ལུ་ རྩུབ་སྤྱོད་རྩ་མེད་བཏང་ནིའི་ ལས་རིམ་དང་འབྲེལ་ ངོས་འཛིན་འབད་ནུག