གཟའ་ཕུར་བུ། ༢༠༡༧ ཟླ་༡༠ པའི་སྤྱི་ཚེས་༡༨

ཆེ་མཐོ་ཁྲིམས་ཀྱི་འདུན་ས་ལས་ ལྕང་ཨོ་རྒྱན་ལུ་ ལོ་ངོ་༣་གི་ བཙོན་ཁྲིམས་བཀལ་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༣༠ ༢༠༡༥

High-courtChangUgyen༉ ཆེ་མཐོ་ཁྲིམས་ཀྱི་འདུན་ས་ལས་ ད་རིས་ ལྕང་ཨོ་རྒྱན་ལུ་ ལོ་ངོ་༣་གི་ བཙོན་ཁྲིམས་ཕོགཔ་སྦེ་ འཁྲུན་ཆོད་བཏོན་གནང་ཡི།

བཙོན་ཁྲིམས་འདི་ཡང་ ཁྲིམས་འཐུས་ཕུལ་མ་ཆོགཔ་སྦེ་ཨིན་མས།

ཧེ་མ་ རྫོང་ཁག་ཁྲིམས་ཀྱི་འདུན་ས་ལས་ ལྕང་ཨོ་རྒྱན་ལུ་ ལོ་ཕྱེད་ད་༣་གི་ བཙོན་ཁྲིམས་ ཁྲིམས་འཐུས་ཕུལ་ཆོག་པའི་ འཁྲུན་ཆོད་གནང་ཡོདཔ་ཨིན།

རྫོང་ཁག་ཁྲིམས་ཀྱི་འདུན་ས་ལས་གནང་མི་ འཁྲུན་ཆོད་འདི་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ ཁེ་རྒུད་མ་བཏུབ་ལས་བརྟེན་ ཆེ་མཐོ་ཁྲིམས་ཀྱི་འདུན་ས་ལུ་ ཐོ་གཏུགས་ཞུ་ཡོདཔ་ཨིན།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་བཀོད་མི་ནང་ རྫོང་ཁག་ཁྲིམས་ཀྱི་འདུན་ས་ལས་གནང་མི་ འཁྲུན་ཆོད་འདི་ནང་ལུ་ བཙོན་ཁྲིམས་འདི་ བྱ་ངན་འབད་དེ་ཡོད་མི་གི་ དབྱེ་རིམ་དང་བསྟུན་ཏེ་ མིན་འདུག་ཟེར་ཨིན་མས།

ལྕང་ཨོ་རྒྱན་ལུ་ སྤྱི་ལོ་༡༩༨༧་ལས་༡༩༨༩་ཚུན་ རྒཔོ་སྦེ་ཕྱག་ཞུ་བའི་སྐབས་ ཐིམ་ཕུག་ལུ་ ལུབ་ལྡིང་དང་ ཨོམ་ཁ་ལུ་ ཁོ་རའི་ ཁྲམ་ནང་ཡོད་པའི་ས་ཆ་ཚུ་ ཡར་སེང་འབད་དེ་ ཁྲམ་ནང་ལུ་སྐྱོན་བརྐྱབ་ཡོད་པའི་ ཉེས་འཛུགས་ཕོགས་ཡོདཔ་ཨིན།

ད་རིས་ ལྕང་ཨྱོན་འདི་ ཁྲིམས་སྲུང་འགག་པའི་དོ་དམ་འོག་ལུ་ བཞག་ཡོདཔ་ཨིན་རུང་ ཞག་གྲངས་༡༠་གི་ནང་འཁོད་ལུ་ མངོན་མཐོའི་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་ཞུ་ཆོག་ནི་ཨིན་མས།